མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་རྒྱུན་མཐུད་ངང་ཤུགས་སྣོན་པ་ལྔར་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོ་སྤེལ་བའི་ཐད་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། ཧུར་ཐག་གིས་བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བའི་ཕྱོགས་ནས་གྲུབ་འབྲས་བཟང་བོ་བླངས།
བསམ་བློའི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་ཆེས་གསར་པའི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་ནན་མོ་བྱེད་པ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་བྱེད་པ་བཅས་བྱས་ནས། སློབ་སྦྱོང་དང་ལག་བསྟར་ཟུང་འབྲེལ་བྱེད་པ་དང་ཞིབ་བཤེར་དང་དག་ཐེར་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་། གཞུང་ལུགས་སློབ་སྦྱོང་སྔར་ལས་ཇེ་ཟབ་དང་ཆ་ཚང་བར་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། གཞུང་ལུགས་སློབ་སྦྱོང་ཚོད་དཔྱད་ཆེན་མོ་དང་བརྗོད་དོན་སློབ་གསོའི་ཡུལ་དངོས་བརྗེ་རེས་ལྟ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཏང་ཀྲི་པུའུ་སོ་སོའི་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྤྱི་བསྒྲགས་བརྡ་ཁྱབ་ལམ་ལུགས་བཙུགས་ནས། གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་འཕེལ་རྒྱས་སུ་གཏོང་བའི་བསམ་བློའི་སྒུལ་ནུས་སུ་བསྒྱུར། བརྟག་དཔྱད་ཞིབ་འཇུག་སྔར་ལས་ནན་མོ་དང་ཞིབ་མོ་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱིས་གཏན་ཁེལ་བྱས་པའི་བརྟག་དཔྱད་བྱ་གཞི་ཞེ་བཞི་གཙིགས་འཛིན་བྱས་ལ། རྒྱུག་པ་གསུམ་དང་ཉིན་རྒྱུན་གཅིག་གི་བྱ་བའི་རྐྱེན་སྲོལ་ལ་ཟུང་འབྲེལ་བྱས་པ་དང་། བརྟག་དཔྱད་བྱ་བ་སྤེལ་ཚད་ཇེ་མགྱོགས་སུ་བཏང་ལ། དུས་མཉམ་དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐད་ཀྱི་ལོ་ཧྲིལ་བོའི་གཙོ་གནད་བྱ་བ་ལག་བསྟར་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། རྟོག་ཞིབ་ཀྱི་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་བྱས་པའི་གསལ་ཁྲ་བཙུགས་ཏེ། བརྟག་དཔྱད་ཀྱི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར།
དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་སྔར་ལས་ཡང་དག་དང་བཟང་བོ་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། ལྟ་ཞིབ་བརྟག་བཤེར་དང་ཞིང་འཇུག་ཁྲོད་ནས་རྙེད་པའི་གནད་དོན་དང་མང་ཚོགས་ཀྱིས་ཡར་ཞུ་བྱེད་ཚད་མཐོ་བའི་གནད་དོན་ལ་དབྱེ་ཞིབ་བྱས་པར་མ་ཟད། རིགས་བགར་ནས་འགུལ་རྣམ་གསར་སྒྱུར་གནད་དོན་གྱི་གསལ་ཁྲ་བཙུགས་པ་དང་། དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་དམ་འཛིན་བྱས་ལ། ལས་ཤོར་ཉེན་སྲུང་ཐེབས་རྩའི་དོ་དམ་གནད་དོན་ཆེད་དོན་བཅོས་སྐྱོང་དང་ལས་རིགས་རྩལ་ནུས་གསོ་སྦྱོང་དང་གདེང་འཇོག་ཆེད་དོན་བཅོས་སྐྱོང་དམ་འཛིན་བྱས་པ་དང་། མྱུར་དུ་ལེགས་བཅོས་བྱེད་པ་དང་ཡུན་རིང་བོར་་འཛུགས་པ་གཉིས་ཟུང་འབྲེལ་བྱས་ནས། སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། བྱ་བའི་ཐད་ཀྱི་མི་འདང་ས་ཐག་བཅད་དེ། གནད་དོན་ཡང་བསྐྱར་འབྱུང་བར་བཀག་འགོག་བྱས། འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་བཟང་བོ་བྱེད་པའི་སྟེང་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། དཔལ་འབྱོར་མྱུར་དུ་སླར་གསོ་བྱེད་པའི་གནད་འགག་དུས་ཚོད་དམ་འཛིན་བྱས་ལ། སྟོབས་ཤུགས་ཡོད་རྒུས་ལས་ཞུགས་གཏན་འཇགས་བྱེད་པའི་སྤྱི་ཡོངས་དང་སྤྱི་ཚོགས་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་པ་དང་། རྩ་འཛུགས་ཡོད་པ་དང་གཞི་ཁྱོན་ཅན་གྱི་སྤོ་བསྒྱུར་ལས་ཞུགས་དང་ལས་དོན་སྡེ་ཁག་གི་ཡོངས་ཁྱབ་ཏུ་མི་བསྡུ་བའི་ཁ་རྒྱུགས་སོགས་ཀྱི་བྱ་བ་དམ་འཛིན་བྱས་ལ། སྒེའུ་ཁུང་སྡེ་ཁག་གི་ཞབས་ཞུའི་རྒྱུད་རིམ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བ་དང་། མི་ཤུགས་ཐོན་ཁུངས་་དང་སྤྱི་ཚོགས་འགན་སྲུང་གི་གཞི་གྲངས་ཅན་དང་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་། སྤུས་ལེགས་ཕན་མཐོ་དང་སྟབས་བདེའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་གསར་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་ཇེ་མཐོར་གཏོང་བའི་གྲུབ་འབྲས་ཀྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པར་སྐུལ་འདེད་བཏང་།