མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-06-23 23:10:06 

གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ལས་རྐང་སྟེང་གི་འགན་ནུས་ལ་རྐང་བཙུགས་ནས། འགན་ཁུར་གཙོ་བོའི་སྟེང་དུ་ཤུགས་སྣོན་པ་དང་། དམངས་ཚིས་ཀྱི་དོན་དངོས་ལ་སེམས་རྣལ་དུ་ཕབ་ནས་སྒྲུབ་སྟེ། འགན་སྲུང་ཁྲོད་ཞུགས་པའི་མང་ཚོགས་ཀྱི་སྐྱིད་སྣང་ཇེ་ཆེར་བཏང་། 

སྨན་བཅོས་འགན་སྲུང་ཞབས་ཞུའི་གཙོ་གནད་དང་དཀའ་གནད་ལ་གཞིགས་ནས། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ། བརྟག་དཔྱད་ཞིབ་འཇུག་བྱས་ནས་བརྗོད་དོན་སློབ་གསོའི་བྱ་བ་དངོས་གཉེར་དང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། སྨན་བཅོས་འགན་སྲུང་གི་སྲིད་ཇུས་དངོས་འབེབ་དོན་འཁྱོལ་དང་། ལས་སྒྲུབ་ནུས་པ་འཛུགས་སྐྲུན། རིན་དངུལ་གཏོང་སྤྲོད་རྣམ་པ་བཅོས་སྒྱུར། སྨན་བཅོས་ཐེབས་རྩ་ལྟ་སྐུལ་དོ་དམ། ཡུལ་གཞན་དུ་སྨན་བཅོས་རྩིས་ཞུ་བྱེད་པ། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་བཅས་བརྗོད་དོན་བཅུ་ལ་གཞིགས་ནས། སྨན་བཅོས་འགན་སྲུང་ཅུའུ་ཡི་མགོ་ཁྲིད་ཀྱི་སྣེ་ཁྲིད་འོག་ཏུ། ཚན་ཁག་སོ་སོ་དང་། ལས་ཁུངས་དག་ཡུལ་ཚོ་དང་གྲོང་རྡལ། སྡེ་བ། མཉམ་ལས་ཁེ་ལས་བཅས་སུ་སོང་ནས། གཏན་ཁེལ་གཉིས་ཀྱི་སྒྲིག་གཞི་དང་སྨན་བཅོས་འགན་སྲུང་ལ་ཞུགས་པའི་མང་ཚོགས་རྣམས་ལ་རྟོག་ཞིབ་དང་། བརྟག་དཔྱད་རྒྱུགས་ལན་འདེབས་པ། དུས་ངེས་མེད་དུ་བཅར་འདྲི་བྱེད་པ་བཅས་ཀྱི་ཐབས་ལ་བརྟེན་ནས། བསམ་འཆར་བསྡུ་ལེན་དང་གནས་པའི་གནད་དོན་འཚོལ་བ་བཅས་ཀྱི་བྱ་བ་རྒྱ་ཆེར་སྤེལ། 

ཏང་ཙུའུ་ལས་བྱེད་ཀྱིས་མཚོ་སྔོན་གྱི་དོན་དངོས་ལ་རྐང་བཙུགས་ནས། མི་རིགས་ས་ཁུལ་དང་ཁྱད་པར་དུ་གཞི་རིམ་རོང་འབྲོག་མང་ཚོགས་ལ་ཁ་གཏད་ནས། སྨན་བཅོས་འགན་སྲུང་གི་དམངས་ཕན་གྱི་བྱེད་ཐབས་གསར་པ་མང་པོ་ཧུར་ཐག་གིས་སྤེལ། རིམ་པ་ལྔའི་ལས་སྒྲུབ་མ་ལག་འཛུགས་སྐྲུན་དང་། ཞིང་ཆེན་ཡོངས་ཀྱི་ལས་སྒྲུབ་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། བརྗོད་དོན་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱེད་པར་སྣེ་ཁྲིད་ནས། རིམ་པ་སོ་སོའི་སྨན་བཅོས་སྡེ་ཁག་གིས་ཞབས་ཞུའི་བྱ་བ་སྔར་ལས་ཇེ་ལེགས་སུ་བཏང་ནས། སྨན་བཅོས་འགན་སྲུང་དེ་ཡུལ་ཚོ་དང་སྡེ་བར་ཁྱབ་ཅིང་། རོང་འབྲོག་མང་ཚོགས་ཀྱིས་ཉེ་འགྲམ་ནས་སྒྲུབ་ཐུབ་ལ། སྒྲུབ་པར་སྟབས་བདེ་བ་དང་། སྨན་བཅོས་འགན་སྲུང་གི་ཞབས་ཞུའི་བྱ་བ་དེ་ཕྱོགས་ཀུན་ལ་ཁྱབ་པར་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།