ཟླ6པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་དངུལ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་སྔོན་དངུལ་ཁང་ཏང་ཨུས་དངོས་ཕུང་དཔལ་འབྱོར་དང་མཁར་གྲོང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་བྱ་བ་ཡོད་ཚད་ཀྱི་མགོ་ཚུགས་ས་དང་རྐང་འཛུགས་ས་རུ་བརྩིས་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དོན་དངོས་སྒྲུབ་པ། མང་ཚོགས་ཀྱི་སེམས་ཁྲལ་ཐག་གཅོད་པའི་བྱ་སྤྱོད་དངོས་སུ་བསྒྱུར།
ཡིད་རྟོན་དངུལ་བུན་སྟེར་ཚད་ཇེ་མང་དུ་བཏང་བ་དང་། ཡིད་རྟོན་དངུལ་བུན་གྱི་གྲུབ་ཚུལ་ལེགས་སྒྱུར་བྱས་ལ། དངུལ་བསྲེས་ཀྱི་མ་རྩ་ཇེ་དམའ་རུ་བཏང་སྟེ། སྤུས་ལེགས་ཀུན་ཕན་གྱི་ཡིད་རྟོན་དངུལ་བུན་ཐོན་ཁུངས་སྔར་ལས་མང་པོ་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་འགག་ཁྱབ་ཁོངས་དང་གནས་ས་གཙོ་བོ། ཉམས་ཞན་སར་ནང་འདྲེན་དང་ཆ་སྡེབས་བྱས་པ་དང་། མི་དམངས་མང་ཚོགས་དང་དངོས་ཕུང་དཔལ་འབྱོར་གྱི་སྣ་མང་ཅན་གྱི་དངུལ་རྩའི་དགོས་མཁོ་སྐོང་ཐབས་བྱས་ནས། ཞིང་ཆེན་ཡོངས་ཀྱི་གནས་བཞི་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་དངུལ་རྩའི་ནུས་ཤུགས་བསྣན།
ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བ་དང་། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བར་གྱི་སྦྲེལ་མཐུད་མཉམ་ལས་ལ་ཤུགས་བསྣན་ལ། ཁྱིམ་ཚང་དང་བཟོ་གྲྭ ཁེ་ལས་སུ་སོང་ནས་རྟོག་ཞིབ་བྱས་པ་དང་། ཁེ་ལས་ཀྱི་དཀའ་ཁག་དང་དངུལ་བསྲེས་ཀྱི་དགོས་མཁོ་ལ་འབྲེལ་མཐུད་བྱས་ཤིང་། ཁེ་ལས་ཀྱི་དངུལ་བསྲེས་ཐད་ཀྱི་དཀའ་ཁག་གནད་དོན་གྱི་གསལ་ཁྲར་དབྱེ་ཞིབ་བྱས་པ་དང་། ཀུན་ཕན་དངུལ་བུན་ཕྲན་ཆུང་གི་རྒྱབ་སྐྱོར་ཡོ་བྱད་བཀོལ་སྤྱོད་བཟང་བོ་བྱེད་པ། ལྗང་མདོག་མཆན་འགོད་ཀྱི་བགྲོད་ལམ་བཏོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཁེ་ལས་ལ་རོགས་སྐྱོར་བྱས།
དམངས་ཀྱི་ཆེད་དུ་དངུལ་གསོག་པའི་འདུ་ཤེས་ལག་བསྟར་བྱས་པ་དང་། རང་ས་ཆའི་ཚོང་རའི་དགོས་མཁོ་དང་བསྟུན་ལ། ཞོན་ཧྭའི་ཡན་ལག་དངུལ་ཁང་བཙུགས་ནས་བཀོལ་སྤྱོད་བྱས་ཏེ། མཚོ་ཤར་གྲོང་ཁྱེར་གྱི་ཆུའུ་གཉིས་དང་རྫོང་བཞིའི་ལས་ཁུངས་ཡོངས་སུ་ཁེབས་པར་བྱས། ལས་གཉེར་ས་ཚིགས་རྒྱུན་མཐུད་ངང་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་བ་དང་། རིག་ནུས་འཕྲུལ་ཆས་ལག་བསྟར་བྱས་ལ། ལས་གཉེར་ས་ཚིགས་ཀྱི་རྨང་གཞི་སྒྲིག་ཆས་བསྒྱུར་བཀོད་བྱས་པ་དང་། གེགས་མེད་དང་རྒན་པར་འཚམ་པའི་ཞབས་ཞུའི་ཡུལ་གནས་འཛུགས་སྐྲུན་བྱས་ལ། ཉོ་ཚོང་བདག་གཉེར་པ་བཀོད་སྒྲིག་བྱས་པ་དང་། རང་འགུལ་གྱིས་ཁྱིམ་ཚང་ལ་སོང་ནས་ཞབས་འདེགས་ཞུས་ལ། འགྲིམ་འགྲུལ་ཉེན་རྟོག་པ་དང་ཁོར་ཡུག་གཙང་སྦྲ་བྱེད་མཁན། ཟོང་སྐྱེལ་བ་སོགས་སྒོ་ཕྱིའི་བྱ་བ་སྒྲུབ་མཁན་གྱི་ཆུ་བཏུང་དཀའ་བ་དང་ངལ་གསོ་དཀའ་བ། གསང་སྤྱོད་མེད་པ་སོགས་ཀྱི་མངོན་སུམ་གནད་དོན་ཐག་བཅད་པ་དང་། ཁུལ་དང་རྫོང་གི་ཡན་ལག་དངུལ་ཁང་ནས་སྐད་གཉིས་ཀྱི་ཞབས་ཞུ་དང་ས་གནས་སྐད་རིགས་ཀྱི་དངུལ་ཁང་ཞབས་ཞུ་ཁྱབ་གདལ་དུ་བཏང་སྟེ། དངུལ་རྩའི་ཞབས་ཞུའི་ཕན་ལྡན་རང་བཞིན་དང་སྟབས་བདེ་རང་བཞིན་མཐོར་འདེགས་བཏང་།
ཚོང་ར་དང་གཞིས་ཁུལ། ཁེ་ལས། སློབ་གྲྭ ཞིང་སྡེ་རུ་སོང་ནས། མང་ཚོགས་ཀྱི་སྒོར་ཁུག་སྲུང་བའི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། མཁར་གྲོང་མང་ཚོགས་ལ་དངུལ་རྩའི་ཤེས་བྱ་སྒྲོག་འགྲེལ་བྱས་ལ། ཁྲིམས་འགལ་དངུལ་བསྡུའི་ཁྲོད་མི་ཞུགས་པ་དང་གློག་འཕྲིན་གྱི་གཡོ་ལེན་སྔོན་འགོག་བྱེད་པ། སློབ་རའི་དྲ་ཐོག་དངུལ་བསྐྱི་དང་ཐག་རིང་བོར་བྱེད་པ་སོགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས། དངུལ་རྩའི་འཛད་སྤྱོད་པའི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་ཇེ་མཐོར་བཏང་།