བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཞིབ་དཔྱོད་ཁང་གིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དང་ལེགས་བཅོས་ནུས་ལྡན་སྒོས་ཟུང་འབྲེལ་བྱེད་པ། གཅིག་གྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱས་པ་དང་། ཞིབ་བཤེར་ལེགས་བཅོས་བྱེད་རྒྱུ་ཞིབ་དཔྱོད་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཏུ་བརྩིས་ཏེ་དམ་འཛིན་བཟང་བོ་བྱས། ཞིབ་དཔྱོད་ཁང་ཏང་ཙུའུ་ཡིས་ཞིབ་བཤེར་བཅོས་སྐྱོང་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། རང་བཤེར་རང་བཅོས་དང་ལམ་ལུགས་ལག་བསྟར་གྱི་ཆེད་དོན་ཞིབ་བཤེར་སོགས་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་པར་མ་ཟད། བརྗོད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་དང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་ཞིབ་བཤེར་བཅོས་སྐྱོང་གི་གྲུབ་འབྲས་གསར་པས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
བྱེད་ཐབས་ཇེ་དྲག་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གནད་དོན་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབས། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱས་པ་དང་། གནད་དོན་ལ་ཞིབ་བཤེར་ཟབ་མོ་བྱས་ཏེ་གནད་དོན་དང་མི་འདང་ས་བཟང་བོར་བཙལ་བ་དང་། ཞིབ་དཔྱོད་ཀྱི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཏེ་གནད་དོན་རྩིས་ཁྲ་བཙུགས་པར་མ་ཟད། བརྗོད་དོན་སློབ་གསོའི་འཕེལ་རིམ་ལྟར་གནད་དོན་རྩིས་ཁྲ་དུས་ལྟར་གསར་སྒྱུར་བྱས། ཏང་གཤིས་གྲོས་བསྡུར་ཆེན་མོ་དང་། དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྤྱོད་ཚུལ་འཛུགས་སྐྲུན་ཐད་ཀྱི་གྲོས་བསྡུར་ཆེན་མོ། བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་ཁྲོད་རྙེད་པའི་གནད་དོན་ལ་དམིགས་ཏེ་སྔ་གཞུག་ཏུ་སྐོར་ཐེངས་བཞི་ལ་ལེགས་སྒྲིག་བྱས་པ་དང་། རེ་རེ་བཞིན་གནད་དོན་གྱི་རྩིས་ཁྲ་བཙུགས། གཞུང་ལུགས་སློབ་སྦྱོང་དང་ཆབ་སྲིད་བྱང་ཚད། བྱེད་ནུས་འཇོན་ནུས། འགན་འཁྲི་ཁག་ཁུར། བྱ་བའི་སྤྱོད་ཚུལ། དག་གཙང་རང་གཅུན། ཁྲིམས་བསྟར་གྱོད་སྒྲུབ་སོགས་ཕྱོགས་བདུན་ཐད་ཀྱི་གནད་དོན་ལ་དམིགས་ཏེ་རང་བཤེར་རང་བཅོས་བྱས།
གནད་ཕིགས་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ་དག་ཐེར་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གནད་དོན་ལ་དམིགས་ནས་སྒྲུབ་པ་དང་གནད་དོན་ལ་དམིགས་ནས་བཅོས་སྒྱུར་བྱེད་པ། བཅོས་སྒྱུར་བྱེད་ཐུབ་པ་ཡོད་ཚད་མྱུར་དུ་བཅོས་སྒྱུར་བྱེད་པ་དང་ཡུན་རིང་ལ་བཅོས་སྒྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་རྙེད་པའི་གནད་དོན་ལ་དམིགས་ཏེ་རིགས་བགར་མཛུབ་སྟོན་དང་གཅིག་བསྡུས་བཅོས་སྐྱོང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་བྱས་ཏེ་དག་ཐེར་བཅོས་སྐྱོང་ནན་མོ་བྱེད་པར་འགན་སྲུང་བྱས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ཆེད་དོན་སློབ་གསོ། སྤྱོད་ཚུལ་བཤེར་བཅོས། ཞིབ་དཔྱོད་དམངས་ཀྱི་ཆེད་དུ་ཡིན་པ་བཅས་ལ་དམིགས་ཏེ་དག་ཐེར་བཅོས་སྐྱོང་ནན་མོ་བྱས།
རྒྱུན་པར་བཅོས་སྐྱོང་བྱས་ཏེ་ཡུན་རིང་ལ་ཕན་ཁེ་ཐོབ་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལམ་ལུགས་འཛུགས་སྐྲུན་བཟང་བོ་བྱས། སློབ་སྦྱོང་བྱེད་ཞོར་དུ་ཞིབ་བསྡུར་དང་ཞིབ་བཤེར། བཅོས་སྐྱོང་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མྱུར་དུ་བཅོས་སྐྱོང་བྱེད་པ་དང་ཡུན་རིང་ལ་ལག་བསྟར་བྱེད་པ་ཟུང་འབྲེལ་བྱས་ལ། བརྗོད་དོན་སློབ་གསོའི་ཁྲོད་ཀྱི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོ་དག་ལམ་ལུགས་ཀྱི་རྣམ་པས་གཏན་འཁེལ་བྱས་ཤིང་། ཐེངས་མང་པོར་བྱུང་བའི་གནད་དོན་དང་གནས་མང་པོ་ནས་བྱུང་བའི་གནད་དོན་ལ་ཞིབ་འཇུག་ནན་མོ་བྱས་པར་མ་ཟད། སྒྲིག་སྲོལ་དང་ལམ་ལུགས་བཙུགས་ཏེ་གནད་དོན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་།