ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་བོད་སྡེ་ཚོགས་ཀུང་སིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྟ་ཞིབ་བཅོས་སྒྱུར་བྱེད་པ་སོགས་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ། ཤེས་སྤྱོད་ཟུང་འབྲེལ་དང་བསླབ་པ་ལག་ལེན་དུ་བསྟར།
མཚོ་བོད་སྡེ་ཚོགས་ཀུང་སིའི་ཏང་ཨུས་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ་དང་། བརྗོད་དོན་སློབ་གསོའི་ཁྲོད་སྡེ་ཚོགས་ཀུང་སིའི་གནས་ལྔ་གཞི་གཅིག་དང་རྩེ་གྲས་དྲུག་འཛུགས་སྐྲུན་བྱེད་པའི་དམིགས་འབེན། བདེ་འཇགས་དམ་འཛིན་བྱས་ནས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་བཅོས་སྒྱུར་གྱིས་གསོན་ཤུགས་བསྐྱེད་པ། དངོས་སྒྲུབ་ལ་བརྟེན་ནས་མཚར་སྡུག་བསྐྲུན་པའི་བྱ་བའི་གཙོ་ཐིག་གི་བསམ་ཕྱོགས་དང་ངོས་འཛིན་མུ་མཐུད་མཐོར་འདེགས་བཏང་། ཟུར་མི་འདྲ་བ་ནས་གནས་བབ་ལ་བསམ་བློ་གཏོང་བ་དང་། བདེ་སྡུག་འདྲི་བ་དང་ཆུ་འདོན། སྤྱོད་ཁང་སོགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཏང་། དེ་དང་མཉམ་དུ། ཁོར་ཡུག་འཕྲོད་བསྟེན་དང་འདྲི་རྩད་ལ་ཨ་ལན་སྟེར་བ། འཁོར་སྒུག་སྒྲིག་སྲོལ་བཅས་ཀྱི་ཡིད་ཚིམ་ཚད་སོགས་ཕྱོགས་ལྔ་བཅུ་ལྷག་གི་ནང་དོན་ལ་དམིགས་ནས་ཡུལ་སྐོར་བ་དང་ཚོང་བདག་ཡིད་ཚིམ་ཚད་ཀྱི་རྩད་གཅོད་རྟོག་ཞིབ་བྱས་ནས་འདྲི་རྩད་ཤོག་བྱང་ཉིས་སྟོང་ལྷག་བཀྲམས། མགྲོན་བསུ་ཞབས་ཞུ་ལྟེ་གནས་ཀྱིས་ཡུལ་སྐོར་བར་རོགས་འདེགས་བྱས་ནས་བོར་བའི་དངོས་པོ་བཙལ་བ་དང་གཙོ་གནད་ཡུལ་སྐོར་བས་སྔོན་ལ་ཁ་ཆད་བྱེད་པ་སོགས་ཀྱི་ཞབས་ཞུ་ཐེངས་སུམ་སྟོང་བརྒྱ་དང་ཉེར་དགུ་བསྒྲུབས།
དུས་མཚུངས་སུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་སྲ་བརྟན་དུ་གཏོང་བ་དང་འགྲུལ་སྐྱེལ་ཞབས་ཞུའི་ཤུགས་འདོན་ས་ལེགས་སྒྱུར་བྱས་ནས་ཚོར་ཤེས་སྐྱེན་པ་དང་སེམས་ཤུགས་འདོན་པ། བརྩེ་བ་འབུལ་བའི་ཞབས་ཞུའི་འདུ་ཤེས་བྱེ་བྲག་གི་བྱ་བའི་ཁྲོད་འདྲེས་པར་བྱས། མཚོ་སྔོན་དང་བོད་ལྗོངས་ས་ཁུལ་གཉིས་ཀྱི་མང་ཚོགས་ཀྱི་འགྲུལ་བཞུད་སྔར་ལས་སྟབས་བདེ་ཡོང་ཆེད་མཚོ་བོད་སྡེ་ཚོགས་ཀྱིས་ཕྱོགས་མང་པོར་མཐུན་སྦྱོར་བྱས་ཏེ། མཚོ་སྔོན་དང་ཞིང་ཆེན་གཞན་པའི་ས་ཁུལ་དང་གྲོང་ཁྱེར་ཕན་ཚུན་མཉམ་འབྲེལ་དང་སྦྲེལ་མཐུད་ཡོང་བར་ཤུགས་བསྣན་ནས་ཟི་ལིང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དུ་བྱས་པའི་འགྲིམ་འགྲུལ་ཤར་བགྲོད་རང་བཞིན་མཐོར་འདེགས་བཏང་སྟེ་གྲོང་ཁྱེར་གྱི་སྤུས་ཚད་ཇེ་མཐོར་བཏང་བ་དང་། བརྗོད་དོན་སློབ་གསོའི་ཕན་འབྲས་དེ་མང་ཚོགས་ཀྱི་མྱོང་བའི་སྟེང་མངོན་པར་བྱས་ཏེ་མཐོ་སྒང་ལྕགས་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་བར་འབད་བརྩོན་བྱས།