མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཁྲིམས་རིག་པའི་སློབ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཟི་ལིང་དུ་འཚོགས་པ།

  2023-06-15 18:56:59 

ཞིང་ཆེན་ཁྲིམས་རིག་པའི་སློབ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཟི་ལིང་དུ་འཚོགས་པ།

ཟླ6པའི་ཚེས14ཉིན། ཞིང་ཆེན་ཁྲིམས་རིག་པའི་སློབ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཟི་ལིང་དུ་འཚོགས། ཚོགས་ཆེན་སྟེང་ཞིང་ཆེན་ཁྲིམས་རིག་པའི་སློབ་ཚོགས་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་དང་མགོ་ཁྲིད་ལས་ཁུངས་བདམས་ཐོན་བྱུང་།

གྲོས་ཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་རིག་པའི་སློབ་ཚོགས་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་ཐད་ཀྱི་བླང་བྱ་ནན་ཏན་གྱིས་ལག་བསྟར་བྱས་ལ། ཞིང་ཆེན་ཁྲིམས་རིག་པའི་སློབ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པའི་ཚུན་གྱི་བྱ་བར་སྤྱི་སྡོམ་དང་། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཀྲུང་གོ་ཁྲིམས་རིག་པའི་སློབ་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་མཛུབ་སྟོན་བྱས།

གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོ་དང་ཀྲུང་གོ་ཁྲིམས་རིག་པའི་སློབ་ཚོགས་ཀྱི་ནུས་ལྡན་མཛུབ་སྟོན་འོག  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་རིག་པའི་སློབ་ཚོགས་ཀྱིས་ཁྲིམས་རིག་པའི་ཞིབ་འཇུག་དང་ཁྲིམས་སྐྱོང་ལག་ལེན་གྱི་ལས་དོན་ཧུར་ཐག་གིས་བསྒྲུབས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་རིག་པའི་སློབ་ཚོགས་དང་རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་ཀྱི་བྱ་བ་སྒྲུབ་མཁན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཁྲིམས་སྐྱོང་གཞུང་ལུགས་ཀྱི་གཡུལ་ས་སྟོབས་ལྡན་དུ་གཏོང་བའི་ཐད་བྱེད་ཕྱོགས་གསར་པ་མངོན་པར་བྱེད་པ། མཚོ་སྔོན་ལ་རྐང་འཛུགས་པ་དང་མཚོ་སྔོན་ལ་ཞིབ་འཇུག་བྱེད་པ། མཚོ་སྔོན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྟེང་བྱེད་ཕྱོགས་གསར་པ་མངོན་པར་བྱས་ཏེ། རྒྱུན་ཆད་མེད་པར་ཁྲིམས་རིག་པའི་སློབ་ཚོགས་ཀྱི་ལས་དོན་དང་ཁྲིམས་རིག་པའི་གཞུང་ལུགས་ཞིབ་འཇུག་ལས་དོན་གྱི་ཡུལ་ཁམས་གསར་པ་འབྱེད་དགོས།

གྲོས་ཚོགས་སྟེང་ཝང་ཞའོ་ཡུང་གིས་ཞིང་ཆེན་ཁྲིམས་རིག་པའི་སློབ་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཕུལ་བའི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་ཁྲིམས་རིག་པའི་སློབ་ཚོགས་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དང་། རྒྱུན་ལས་ལས་འཛིན། མགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་བདམས་ཐོན་བྱུང་ལ། དབྱང་ཧྥ་སིན་ཞིང་ཆེན་ཁྲིམས་རིག་པའི་སློབ་ཚོགས་སྐབས་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རུ་བདམས།

ལིས་ཧུང་ཡཱ་དང་། ཐེན་ཁུའེ། ཀྲང་ཙིག་ཅུན། ཀྲ་ཆིན་ཅིག་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།