ཟླ6པའི་ཚེས13ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་ཐེངས་བཅུ་བཞི་པས་ཞིབ་བཤེར་བྱེད་པ་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་ཐེངས་དང་པོས་ཞིབ་བཤེར་གནད་དོན་ཕྱིར་འདོན་བྱས་པར་ཁ་གཏད་དེ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཁང་གིས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་འོས་འགན་དངོས་འབེབས་ཤུགས་དྲག་ཏུ་བཏང་ནས། སློབ་ཞོར་དུ་ཞིབ་བཤེར་བྱེད་པ་དང་བཅོས་སྒྱུར་ཞོར་དུ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་ཏེ་གཅིག་ཤེས་ཀུན་གྲོལ་གྱིས་བརྗོད་དོན་སློབ་གསོའི་སྔོན་དུས་ཀྱི་བར་ཁྱད་དང་མི་འདང་སར་དཔྱད་ཞིབ་དག་ཐེར་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་ནན་མོ་བཏང་།
སློབ་སྦྱོང་གི་ནང་དོན་ཆ་མི་ཚང་བ་དང་ཤེས་རྟོགས་བྱེད་དགོས་པར་ལན་མི་ཕོག་པ། སློབ་སྲོལ་ནན་ཏན་མིན་པ། གཞི་རིམ་དུ་གཞུང་ལུགས་སློབ་སྦྱོང་ལྷོད་གཡེང་དང་བར་ཁྱད་ཆེ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། དུས་ཚོད་གཅིག་གི་གསབ་སྦྱོང་བྱ་འགུལ་སྤེལ་ནས་གཞི་རིམ་ཏང་རྩ་འཛུགས་སོ་སོས་སློབ་སྦྱོང་གི་ནང་དོན་གཅིག་སྡུད་བྱས་ནས་དུས་ལྟར་ཁ་གསབ་བྱེད་པ་དང་། གཅིག་སྡུས་སློབ་སྦྱོང་དང་རང་སྦྱོང་ཟུང་སྦྲེལ་བྱེད་པ། དོན་དངོས་དང་བསྟུན་ནས་ཉིན་གཅིག་ལ་ཉུང་མཐར་ཡང་དུས་ཚོད་གཅིག་བེད་སྤྱད་དེ་གསབ་སྦྱོང་བྱེད་དགོས་པའི་བླང་བྱ་བཏོན།
བརྟག་དཔྱད་ཞིབ་འཇུག་གི་གནད་དོན་ལ་ཁ་གཏད་ནས། ཐིང་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་གིས་སྣེ་ཁྲིད་དེ། ཞིང་ཆེན་ཏང་ཨུའི་ཆབ་སྲིད་ཞིབ་འཇུག་ཁང་དང་ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གཞུང་སྒྲུབ་ཁང་། ཐིན་དྲུང་ཡིག་ཁྲུའུ་དང་པོ་སོགས་ཀྱི་འབྲེལ་ཡོད་བློ་མཐུན་གདན་ཞུ་བྱས་ཏེ་ལས་གཞིའི་མཆན་འགོད་ཚན་ཆུང་གྲུབ་པར་བྱས་ནས། ཆེད་ལས་དགེ་མཚན་འདོན་སྤེལ་དང་ཐུན་མོང་གི་བློ་གྲོས་ལེགས་པོར་སྤྱད་དེ་འབྲེལ་ཡོད་བྱ་འགུལ་སྤེལ་བ་དང་། ཐིན་ལས་དོན་ཚོགས་པའི་ཁོངས་མི་དང་གཞི་རིམ་ཏང་རྩ་འཛུགས་སོ་སོས་སྤྲད་པའི་རྟོག་ཞིབ་ལས་གཞིར་རེ་རེ་བཞིན་ཞིབ་བཤེར་བྱས་ལ། གནད་དོན་ཡོད་སར་བཟོ་བཅོས་བསམ་འཆར་བཏོན་ནས་དུས་ལྟར་མི་སྒེར་དང་ལས་ཁུངས་ལ་ཤེས་སུ་བཅུག་སྟེ། རྟོག་ཞིབ་ལས་གཞིའི་བརྗོད་དོན་གཙོར་བཟུང་ནས་བྱེད་ཐབས་ནུས་ལྡན་གྱིས་གནད་དོན་ཆེན་པོ་ཐག་གཅོད་པར་ཁག་ཐེག་བྱས།
གཞི་རིམ་ཏང་རྩ་འཛུགས་ཀྱི་གནད་དོན་གསལ་ཐོའི་སྟེང་གི་གནད་དོན་གསལ་པོ་མིན་པ་དང་། དག་ཐེར་བྱེད་ཐབས་ཀྱི་ཁ་གཏད་རང་བཞིན་ཤུགས་དྲག་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཀྲི་པུའུ་ཚོགས་འདུ་བསྡུས་ཏེ་ཡང་བསྐྱར་དཔྱད་ཞིབ་བྱེད་པའི་བྱ་འགུལ་སྤེལ་ནས། གཞི་རིམ་ཏང་རྩ་འཛུགས་སོ་སོས་ཆེད་དུ་ཀྲི་པུའུ་ཏང་ཡོན་ཚོགས་ཆེན་དང་ཀྲི་པུའུ་ཨུ་ཡོན་གྲོས་ཚོགས་བསྡུ་བའི་བླང་བྱ་བཏོན་ནས། གནད་དོན་གསལ་ཐོའི་ཁྲོད་ཀྱི་གནད་དོན་ལ་ཡང་བསྐྱར་དཔྱད་ཞིབ་བྱས་པ་དང་། ཞིབ་འཇུག་བྱས་ཏེ་བཀོད་སྤྱོད་རུང་བ་དང་དངོས་གཉེར་ཕན་ཡོད་ཀྱི་དག་ཐེར་བྱེད་ཐབས་བཏོན་ནས། དག་ཐེར་གྱི་དུས་བཀག་དང་གོ་རིམ་རང་བཞིན་གྱི་དམིགས་འབེན་གསལ་འདོན་བྱས།
གཞི་རིམ་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བ་གཏིང་ཟབ་མིན་པ་དང་། འབྲེལ་ཡོད་བྱ་བའི་འོས་འགན་དངོས་འབེབས་བྱས་པའི་སྤུས་ཚད་ཞན་པ། བྱ་བར་སྐུལ་འདེད་གཏོང་ཤུགས་དོ་མི་མཉམ་པ་སོགས་ཀྱི་གནད་དོན་ལ་ཁ་གཏད་དེ། འབྲེལ་གཏུག་ས་གནས་སུ་སོང་ནས་ལྟ་སྐུལ་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཐིང་ལས་དོན་ཚོགས་པའི་ཁོངས་མི་དང་། ཐིང་གི་ཐད་གཏོགས་ལས་ཁུངས་ཏང་ཨུའི་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་འབྲེལ་གཏུག་ས་ཁུལ་གྱི་ཏང་ཀྲི་པུའུ་རུ་གཏིང་ཟབ་ཞུགས་ཏེ། ཆེད་དུ་ཞིབ་བཤེར་མཛུབ་སྟོན་ཐེངས་ཤིག་བྱས་ལ། མཛུབ་སྟོན་བྱས་ཏེ་ལྟ་སྐུལ་དང་། ཤེས་རྟོགས་གནད་དོན་དུས་ལྟར་ཡོ་བསྲང་བྱས་ནས། བརྗོད་དོན་སློབ་གསོ་གོ་རིམ་ལྡན་པར་སྤེལ་བར་ཁག་ཐེག་བྱས།
དུས་མཉམ་དུ། ཡུན་ཕན་འཆར་གཞི་དང་བཀོད་སྒྲིག་ཞིབ་མོ། གསུམ་གཅིག་བྱ་བའི་རྐྱེན་སྲོལ་གཏན་འབེབས་བྱས་པ་བརྒྱུད། བརྗོད་དོན་སློབ་གསོའི་ལས་འགན་ཁག་སོ་སོ་རིམ་པ་ལྟར་དང་། འཕེལ་རིམ་དང་མཐུན་པར་སྤུས་ལེགས་ཕན་མཐོའི་སྒོ་ནས་ལེགས་འགྲུབ་དངོས་འབེབས་བྱེད་པར་ཁག་ཐེག་བྱས།