ཟླ6པའི་ཚེས12ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་བྱ་བའི་བཀོད་གཏོང་གྲོས་ཚོགས་བསྡུས་ནས་དུས་རིམ་རྗེས་མའི་བྱ་བར་ཞིབ་ཕྲའི་བཀོད་སྒྲིག་བྱས། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་བསྟར་འཛིན། བྱས་རྗེས་བསྐྲུན་ཞེས་པའི་སྤྱིའི་བླང་བྱར་དམིགས་ནས། བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་བྱ་བའི་འགན་འཁྲི་ལག་བསྟར་བཟང་པོ་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་དང་ཟུང་འབྲེལ་བྱས་པ་དང་། ལག་ལེན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཏང་གི་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་གཅིག་ཅན་དྲུག་གི་བླང་བྱ་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུས་གཞི་རིམ་ཏང་འཛུགས་ཐད་བཏོན་པའི་གཅིག་ཅན་དྲུག་གི་བླང་བྱར་ཆེད་དོན་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་གསལ་ཁྲ་གཏན་འབེས་བྱས་པར་མ་ཟད། ཞིང་ཆེན་ཐད་གཏོགས་སྡེ་ཁག་གིས་དུས་ཐོག་ཏུ་བྱ་བའི་འཕེལ་རིམ་སྙན་ཞུ་བྱེད་པར་སྐུལ་འདེད་བཏང་ལ། གྲུབ་འབྲས་བཟང་པོའི་ཉམས་མྱོང་དང་བྱེད་ཐབས་སྤྱི་སྡོམ་བྱས་ཏེ་བྱ་བ་སོ་སོ་ལྷག་ལུས་མེད་པར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ལ་གཅིག་གྱུར་མགོ་ཁྲིད་དང་ལྟ་སྐུལ་མཛུབ་སྟོན་བྱེད་པའི་བྱ་བའི་འགན་འཁྲི་ལག་བསྟར་བྱས་ཏེ་སྡེ་ཁག་གྱ་བརྒྱད་ཀྱིས་རང་སྡེ་ཁག་གི་ཏང་འཛུགས་བྱ་བའི་གྲོས་ཚོགས་བསྡུ་བར་སྐུལ་འདེད་བཏང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ་ཁོངས་མི་སུམ་བརྒྱ་བཅུ་བདུན་གྱིས་ཏང་ཀྲི་པུའུ་སུམ་བརྒྱ་གོ་གཅིག་ལ་འགན་ལེན་འབྲེལ་འདྲིས་བྱེད་པར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གི་ཁོངས་མི་བརྒྱད་ཀྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞི་རིམ་ཏང་ཀྲི་པུའུ་བརྒྱད་ལ་འགན་ལེན་འབྲེལ་འདྲིས་བྱས་ཏེ་བྱ་བར་མཛུབ་སྟོན་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་ལས་དོན་ལས་བྱེད་པའི་བཀོད་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་ལས་ཁུངས་བཅུ་བཞིར་དུས་བཀག་ལྟར་དག་ཐེར་ལེགས་བཅོས་བྱེད་དགོས་པའི་དྲན་སྐུལ་བྱས། ལས་ཁུངས་ཀྱི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཧྲུའུ་ཅི་གཞོན་པའི་ཆེད་དོན་གསོ་སྦྱོང་ཡོངས་འགྲུབ་བྱས་ཏེ་ཏང་ཀྲི་པུའུ་ཧྲུའུ་ཅི་བརྒྱ་དང་ཉི་ཤུར་གསོ་སྦྱོང་བྱས།
ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་འཚོལ་ཞིབ་བྱས་པ་དང་། ནུས་ལྡན་གྱི་སྒྲིག་གཞིའི་ལམ་ལུགས་སྤྱི་སྡོམ་བྱས་ཏེ་སློབ་སྦྱོང་བྱས་ཆོག་པ་དང་བཀོལ་ཆོག་པའི་བྱེད་ཐབས་བཟང་པོ་སྐོར་ཞིག་བདམས་པ་དང་། བརྗོད་དོན་སློབ་གསོའི་ཁྲོད་གྲུབ་པའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པར་གཏན་འབེབས་བྱས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཡུན་ཕན་ནང་རྐྱེན་བཙུགས་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་ལོ་རེའི་ལས་འགན་གཙོ་བོའི་རྩིས་ཁྲ་གཏན་འབེབས་བྱེད་པ་སོགས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐྱེད་སྲིང་འདེམས་སྒྲུག་བཟང་པོ་བྱེད་པའི་བྱེད་ཐབས་འགའ་ཞེས་པ་གཏན་འབེབས་བྱས་པ་དང་། བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲི་པུའུ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་འགའ་ཞེས་པ་གཏན་འབེབས་བྱས་ཏེ་ཏང་ཀྲི་པུའུ་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་ནས་བྱ་བའི་སྤུས་འདེགས་ནུས་སྤེལ་གྱིས་རྩ་འཛུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་།