མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་སྐོར་དང་པོའི་བརྗོད་དོན་སློབ་གསོའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  2023-06-13 22:53:43 

ཟླ6པའི་ཚེས9ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡོངས་ཀྱི་སྐོར་དང་པོའི་བརྗོད་དོན་སློབ་གསོའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ལ། དུས་སྐབས་སྔོན་མའི་བྱ་བར་སྤྱི་སྡོམ་བྱས་ཤིང་། བྱེད་ཐབས་དང་ཉམས་མྱོང་བརྗེ་རེས་བྱས་པར་མ་ཟད། གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཀྲའོ་ཡུའེ་ཞ་ཡིས་གཏམ་བཤད།

ཀྲོའ་ཡུའེ་ཞ་ཡིས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། སྡེ་ཁག་སོ་སོས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལག་བསྟར་བྱས་ཏེ་རྩ་འཛུགས་ཞིབ་མོ་དང་སྐུལ་འདེད་ནན་མོ་བཏང་ཞིང་། བརྗོད་དོན་སློབ་གསོར་རྩ་འཛུགས་ནུས་ལྡན་བྱས་ཏེ་བྱེད་ཐབས་མྱུར་དུ་སྤྱོད་པ་དང་བརྗོད་དོན་གཅིག་བསྡུས་ཀྱིས་གཅིག་གྱུར་སྐུལ་འདེད་གཏོང་བ། དོན་དངོས་ཟུང་འབྲེལ་གྱིས་ཁྱད་ཆོས་མངོན་པར་བྱེད་པ་སོགས་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན་ཡོད། ཡིན་ཡང་བརྗོད་དོན་སློབ་གསོ་སྤེལ་བའི་གོ་རིམ་ཁྲོད་དུ་ད་རུང་གཞུང་ལུགས་སློབ་སྦྱོང་བྱས་པ་མ་ལག་དང་མི་ལྡན་པ་དང་བརྟག་དཔྱད་ཞིབ་འཇུག་བྱས་པ་གཏིང་ཟབ་མིན་པ། འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མངོན་གསལ་མིན་པ། ལྟ་ཞིབ་དག་བཅོས་བྱས་པ་ཞིབ་ཚགས་མིན་པ། སྒྲིག་སྲོལ་ལམ་ལུགས་བཙུགས་པ་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་གནས་ཡོད།

ཀྲའོ་ཡུའེ་ཞ་ཡིས་ནན་གྱིས་བསྟན་དོན། སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་བླང་བྱ་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ། དོན་འཁྱོལ་བཟང་བོ་བཅས་བྱས་ཏེ་བརྗོད་དོན་སློབ་གསོ་ནན་མོར་སྤེལ་ནས་གྲུབ་འབྲས་ཐོབ་པར་བྱེད་དགོས། ཀྲུང་དབྱང་གི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག   འཕེལ་རྒྱས་ལ་སྐུལ་འདེད། ལྟ་ཞིབ་དག་བཅོས་བཅས་ཐད་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ཏེ་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པར་སྐུལ་འདེད་གཏོང་བ་དང་དག་ཐེར་ལེགས་བཅོས་དམ་འཛིན་བཟང་བོ་བྱེད་དགོས། ཀྲུང་དབྱང་གི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ་མགོ་ཁྲིད་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་རིགས་བགར་མཛུབ་སྟོན་བྱས་ནས་བརྗོད་དོན་སློབ་གསོར་གྲུབ་འབྲས་བཟང་བོར་ཐོབ་པར་འགན་སྲུང་བྱེད་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།