མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-06-13 22:53:43 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བརྗོད་དོན་སློབ་གསོའི་དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་དང་ཚད་བསྡུར་བྱས་ནས། དམངས་ལ་བདེ་སྐྱིད་སྐྲུན་པ་དམིགས་འབེན་དུ་བྱས་ནས། ཐོས་བསམ་སྦྱོར་གསུམ་ཁྲོད་དུ་མི་དམངས་ཀྱི་སེམས་ཁྲལ་སེལ་ཏེ། མི་དམངས་ཀྱི་སེམས་དྲོ་བར་བྱས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་གོ་རིམ་ཁྲོད་དུ་སྣང་བརྙན་བསྐྲུན་པ་དང་། རྣམ་པ་གསར་བ་བཏོད་ནས། སྨན་བཅོས་འགན་སྲུང་ཞབས་ཞུའི་ཕན་འབྲས་མཐོར་འདེགས་འབྱུང་བར་སྐུལ་འདེད་བཏང་། 

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བརྗོད་དོན་སློབ་གསོ་དང་སྦྲེལ་ནས། ཞིང་ཆེན་བརྒལ་བའི་སྨན་བཅོས་འགན་སྲུང་ཐད་ཀར་རྩིས་ཞུ་བྱེད་པའི་ཕན་འབྲས་དེ་སྔར་ལས་ཇེ་བརྟན་དུ་བཏང་ནས། མུ་མཐུད་དུ་ས་གནས་དང་ས་གནས་བར་གྱི་སྨན་བཅོས་རྩིས་ཞུ་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་ཆེན་བརྒལ་བའི་སྨན་ཡོན་རྩིས་གཉེར་བྱ་བ་དེ་ཡུལ་དངོས་དང་དྲ་ཐོག་ནས་འགྲོ་ལུགས་སྒྲུབ་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཡུལ་གཞན་སྨན་བཅོས་རྩིས་ཞུའི་དགོས་མཁོ་བསྐང་ཅི་ཐུབ་བྱས་ཏེ། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་བཏང་།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།