མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-06-13 22:53:43 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ཏང་ཙུའུ་ཡིས་འགན་ནུས་འགན་འཁྲི་དང་། དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ་ནས་རྐང་བཙུགས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་སྦྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་རིག་གནས་ཡུལ་སྐོར་གྱི་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། རིག་གནས་ཡུལ་སྐོར་བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་རུ་འགྱུར་བར་བྱས་ལ། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་ཁྲོད་བྱེད་ཕྱོགས་གསར་པ་དང་། ཁག་ཁུར་གསར་པ་མངོན་པར་བྱས།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་མིག་སྔའི་གནས་ཚུལ་ལ་རྐང་འཛུགས་པ་དང་མིག་རྒྱང་རིང་བའི་འཆར་འགོད་ལ་དམིགས་ཏེ། རིག་གནས་ཡུལ་སྐོར་གྱི་ན་གཞོན་འཆད་ཁྲིད་ཆེན་མོ་གསར་འཛུགས་བྱས་ཤིང་། སློབ་སྦྱོང་བརྗེ་རེས་ཀྱི་སྟེགས་བུ་བསྐྲུན་ནས། གཞུང་ལུགས་སློབ་སྦྱོང་ལམ་ལུགས་ཅན་དང་། བསམ་བློ་བརྗེ་རེས་རྒྱུན་རྣམ་ཅན། ལས་གཉེར་མཐོར་འདེགས་ཡུན་ཕན་ཅན་བཅས་ལ་སྐུལ་འདེད་བཏང་བ་མ་ཟད། འབད་པ་ཆེན་པོས་ཆབ་སྲིད་ནུས་པ་བརྟན་ཞིང་། འཇོན་ཐང་དང་བྱེད་ཕྱོགས་ཁྱད་དུ་འཕགས་པའི་རིག་གནས་ཡུལ་སྐོར་ལས་དོན་གྱི་རྗེས་གྲབས་དཔུང་ཁག་ཅིག་བསྐྲུན། རང་ཞིང་གི་དམར་པོའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་གཙོ་གཞི་བྱས་ནས། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་རྒྱུ་བརྗོད་དོན་བྱས་ཏེ། གླུ་གཞས་ཟློས་གར《ལང་ཚོའི་བརྩོན་སེམས221》ཞེས་པ་འཁྲབ་སྟོན་བྱས་པ་དང་། དེར་སྐབས་ལྔ་པའི་ཀྲུང་གོའི་གླུ་གཞས་ཟློས་གར་དུས་ཆེན་གྱི་ཕུལ་བྱུང་ཟློས་གར་གྱི་བྱ་དགའ་ཐོབ། མིག་སྔར། ཟློས་གར་དེ་བསྐྱར་རྩོམ་བྱེད་ཀྱིན་ཡོད་ལ། བརྗོད་དོན་སློབ་གསོ་དང་མཐུན་པའི་ཏང་གི་སློབ་ཁྲིད་ལེ་ཚན་དུ་འགྱུར་བར་བརྩོན་བཞིན་ཡོད།

གཙོ་འགན་གཙོ་དོན་ལ་དམིགས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཁུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བར་སྐུལ་འདེད་ཧུར་ཐག་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པ་དམིགས་སུ་བཟུང་སྟེ། འཆར་གཞིའི་སྣེ་ཁྲིད་འབུར་དུ་ཐོན་པར་བྱས་ཤིང་།  རིམ་པ་བཞིན་སྡེ་ཁག་དང་། ས་ཁུལ། ཆེད་མཁས་པ་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཞིབ་འཇུག་བགྲོ་གླེང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་དུས་ཚིགས་ཀྱི་བཀོད་འདོམས་བཀོད་གཏོང་འགན་སྲུང་མ་ལག་གི་ཇུས་གཞི་དང་། ཡུལ་སྐོར་ཁྲོམ་རའི་མཉམ་འབྲེལ་ཁྲིམས་བསྟར་བྱ་བའི་ཇུས་གཞི་སོགས་ལ་ཞིབ་འཇུག་དང་གཏན་འབེབས་བྱས། བཀོད་འདོམས་འགན་སྲུང་དང་སྡེ་ཁག་བརྒལ་བའི་མཉམ་འབྲེལ་ཁྲིམས་བསྟར། ཡུལ་སྐོར་གཏུག་བཤེར་མྱུར་དུ་རྩད་གཅོད་བྱེད་པ་སོགས་ཀྱི་བྱ་བའི་རྐྱེན་སྲོལ་རབ་དང་རིམ་པ་འཐུས་ཚང་དུ་བཏང་སྟེ། ཡུལ་སྐོར་བར་མགོ་སྐོར་གཏོང་བ་དང་། ཆོག་མཆན་མེད་པའི་ཚོང་ལས་ཡུལ་སྐོར་གཉེར་བ་སོགས་ཆེད་དོན་དག་ཐེར་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། ཡུལ་སྐོར་ཁྲོམ་ར་ཚད་ལྡན་ཡིན་ཞིང་གོ་རིམ་ལྡན་ལ། བདེ་འཇགས་བརྟན་འཇགས་ཡོང་བར་ཁག་ཐེག་བྱས།

དུས་མཉམ་དུ། ཀྲུང་གོ་དབྱི་ཏུང་དང་ཀྲུང་གོ་ལེན་ཐུང་གི་མཚོ་སྔོན་ཡན་ལག་ཀུང་ཟི་དང་མཉམ་དུ། བྱ་བའི་ཆེད་སྦྱོང་འཛིན་གྲྭ་བཙུགས་པ་དང་། ཡུལ་སྐོར་གཞི་གྲངས་ཆེན་མོའི་སྟེགས་བུ་སོགས་མྱུར་དུ་འཛུགས་སྐྲུན་བྱས་ཏེ་མཉམ་འབྲེལ་དྲ་བར་བརྟེན་ནས་ཡུལ་སྐོར་བ་ནང་འདྲེན་བྱས། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཁེ་ལས་ཀྱི་རེ་ཞུ་ང་གཉིས་གསེད་བཀྲོལ་དང་རེ་ཞུ་ལྔ་བཅུ་བསྒྲུབས། རིག་གནས་ཡུལ་སྐོར་གྱིས་མང་ཚོགས་ལ་ཕན་འདོགས་པར་འཕེལ་རིམ་གསར་བ་བླངས། ཀྲུང་དབྱང་གིས་ས་གནས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པའི་ཁ་གསབ་རོགས་དངུལ་གྱི་རྣམ་གྲངས་རེ་ཞུ་དང་བརྩོན་ལེན་བྱས་ཏེ། ཕུལ་བྱུང་རིག་གནས་ཐོན་ཁུངས་དང་། སྤུས་ལེགས་རིག་གནས་ཐོན་རྫས་ཀྱིས་མང་ཚོགས་ཡིད་ཚིམ་པར་བྱེད་ཅི་ཐུབ་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།