མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུས་པ།

  2023-06-13 22:53:43 

ཟླ6པའི་ཚེས12ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་བརྗོད་དོན་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ནས་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་ཞེས་པ་བརྗོད་དོན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གཏན་འཁེལ་ལམ་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་བརྗེ་རེས་གཏམ་བཤད་སྤེལ།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ངང་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དམ་འཛིན་ནན་མོ་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་སྲུང་བྱེད་པ། ཏང་ནང་གི་ཆབ་སྲིད་འཚོ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། སྤྱོད་ཚུལ་བཞིའི་གནད་དོན་གྱི་ངན་རེངས་རང་བཞིན་དང་བསྐྱར་བཟློས་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་གཞི་གདངས་ནན་མོས་སྤྱོད་བཟང་སྒྲིག་ནན་ཇེ་དྲག་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། ཞིང་ཆེན་ཏང་ཨུའི་གསར་དུ་བཟོ་བཅོས་བྱས་པའི་བྱེད་ཐབས་འགའ་དམ་འཛིན་ནན་མོ་བྱེད་པ། གཏན་འགོག་བཅུའི་སྒྲིག་ཁྲིམས་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མ་ལག་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་བྱེད་ཐུབ་དགོས། འཐབ་རྩོད་སྙིང་སྟོབས་དར་སྤེལ་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པའི་སྟེང་མུ་མཐུད་དུ་ཤུགས་སྣོན་པ་དང་རུལ་སུངས་བྱེད་མི་ཉན་པ་ལག་བསྟར་ནན་མོ་བྱེད་པ། རུལ་སུངས་བྱེད་མི་འདོད་པའི་སྟེང་སྲ་བརྟན་མཐོར་འདེགས་གཏོང་བ། མགོ་ཁུངས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། དབང་ཤུགས་གཅིག་བསྡུས་དང་མ་དངུལ་མང་བ། ཐུན་ཁུངས་ཕུན་སུམ་ཚོགས་པའི་ཁྱབ་ཁོངས་ཀྱི་རུལ་སུངས་བློ་བརྟན་འགྱུར་མེད་ངང་དག་ཐེར་བཅོས་སྐྱོང་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་སྤྱོད་ཚུལ་མི་བཟང་བ་དང་རུལ་སུངས་གནད་དོན་བློ་བརྟན་འགྱུར་མེད་ངང་དག་ཐེར་བཅོས་སྐྱོང་བྱེད་པ་བཅས་བྱས་ཏེ་དོ་དམ་ནན་མོ་བྱེད་པ་དང་དོ་དམ་བྱེད་ཕོད་པར་བྱེད་པ། ཡུན་རིང་ལ་དོ་དམ་བྱེད་པ་བཅས་བྱེད་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཁག་ཁུར་བཟང་བོ་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱུ་དེ་སྲིད་གཞུང་བྱ་བའི་གོ་རིམ་ཡོངས་དང་ཁྱབ་ཁོངས་ཡོངས་སུ་བརྒྱུས་ནས་མི་དམངས་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་དང་གསར་སྐྲུན་སྲིད་གཞུང་། དག་གཙང་སྲིད་གཞུང་། ཞབས་ཞུའི་རྣམ་པའི་སྲིད་གཞུང་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།