ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་སྐྱེལ་འདྲེན་ཐིང་གི་ཏང་རྩ་འཛུགས་ཀྱིས་འགན་ནུས་ལས་འགན་ལ་རྐང་བཙུགས་ནས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བཀོད་སྒྲིག་ཞིབ་ཚགས་དམ་པོ་བྱས་ལ། བྱེད་ཐབས་ཀྱི་འགན་སྲུང་ཤུགས་དྲག་ཏུ་བཏང་ནས། ཁྲིད་ཕྱོགས་གསུམ་རྒྱུན་འཁྱོངས་དང་། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ།བརྟག་དཔྱད་ཞིབ་འཇུག་གི་བྱ་བ་དངོས་འབེབ་བྱེད་པར་སྐུལ་འདེད་བཏང་ནས། བརྟག་དཔྱད་ཞིབ་འཇུག་དེ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་ཀྱི་དཀའ་ཁག་ཐག་གིས་གཅོད་པའི་གཉེན་པོ་རུ་འགྱུར་བར་བྱས་ནས། འགྲིམ་འགྲུལ་དྲུག་གང་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཚན་རིག་གི་ཇུས་གཞི་འདོན་སྤྲོད་བྱས།
བརྗོད་དོན་སློབ་གསོ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དང་འགྲིམ་འགྲུལ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་དམ་དུ་སྦྲེལ་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་ཟུང་འབྲེལ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་དམངས་ཚིས་གནད་དོན་ཐག་གིས་གཅོད་རྒྱུ་གཙིགས་སུ་བཟུང་ནས། ཏང་རྩ་འཛུགས་ཀྱིས་རྟོག་ཞིབ་དཔྱད་གཞི་དགུ་གཞིར་བཟུང་ཞིང་། དེའི་རྨང་གཞིའི་སྟེང་དུ་གནད་དོན་རེ་རེར་རྣག་ཐོག་ཁབ་གཙགས་བྱས་ཤིང་། གཞི་རིམ་གྱི་འཐབ་ས་དང་པོའི་སྔོན་ཐོན་ལས་ཁུངས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས། མིག་རྒྱང་རིང་ལ། གནད་དོན་བཙལ་པ་དང་། ཉམས་མྱོང་དང་མཉམ་ལས་ལ་ཤུགས་བསྣན་ནས། དོན་དངོས་ཀྱི་རྟོག་ཞིབ་གྲུབ་འབྲས་དེ་མང་ཚོགས་ལ་ཕན་ཞིང་དངོས་གཉེར་ཞིབ་ཚགས་བྱས་པ་དང་། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལས་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་བྱ་བ་ལག་བསྟར་དོན་འཁྱོལ་ཞིབ་མོ་བྱས།