ཟླ6པའི་ཚེས9ཉིན། ཞིང་ཆེན་དམངས་སྲིད་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་དམངས་སྲིད་ཐིང་གིས་དགོངས་པ་སློབ། ཏང་གཤིས་སྐྱེད། ལག་ལེནགཙོ། བྱས་རྗེས་འཇོག་ཅེས་པའི་སྤྱིའི་བླང་བྱ་དམ་པོར་བཟུང་ནས། སྤྱི་ཚོགས་རོགས་སྐྱོར་བྱ་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། དམངས་ཚིས་ལ་ཕན་པ་དང་། དམངས་སེམས་དྲོ་བ། དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་སྒྲུབ་ནས། བརྗོད་དོན་སློབ་གསོ་ལ་སྐུལ་འདེད་བཏང་པར་བརྟེན་ནས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་ནས་ཕན་འབྲས་ཐོབ་ཏུ་བཅུག
ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་སྡེ་ཁག་གིས་སྤྱི་ཚོགས་རོགས་སྐྱོར་ཆ་འཕྲིན་སྟེགས་བུ་དང་ཡོང་འབབ་དམའ་བའི་ཉེན་ཟོན་མ་ལག་ལ་བརྟེན་ནས། ཡོང་འབབ་དམའ་བའི་མི་ས་ཡ་གཅིག་ལྟ་སྐུལ་ཁྱབ་ཁོངས་སུ་བསྡུས་ནས། གྲོང་གསེབ་དར་སྤེལ་དང་སྨན་བཅོས་འགན་སྲུང་། སྡོད་ཁང་འཛུགས་སྐྲུན། ཁྲིམས་འཛིན་སོགས་ཀྱི་སྡེ་ཁག་གི་རྒྱུན་རྣམ་ཅན་གྱི་གཞི་གྲངས་ཉེར་གཅིག་བཙུགས་ནས། མཉམ་འབྲེལ་དབྱེ་ཞིབ་དང་ཕྱོགས་བསྡུས་དཔྱད་འཇོག་བྱས་པ་བརྒྱུད་ནས། དུས་ལྟར་ཁ་གཏད་རོགས་སྐྱོར་འཚག་བཤེར་བྱས་ནས། དགོས་མཁོ་ལྟར་རོགས་སྐྱོར་བྱས། དུས་མཉམ་དུ། ཡུལ་དངོས་སུ་བཅར་འདྲི་བྱེད་དུ་འགྲོ་བ་དང་། སྒོ་ཉུལ་བྱས་ནས་རྟོག་བཤེར་བྱེད་པ། ཁ་པར་དང་སྐད་འཕྲིན་བརྒྱུད་ནས་འདྲི་རྩད་བྱེད་པ་བཅས་བྱས་ཏེ་རོགས་སྐྱོར་ཁ་གཏད་རྙེད་པར་བྱས་ཤིང་། རང་འགུལ་གྱིས་མི་སྟོང་ལྷག་བཙལ་ནས། ཚང་མ་མ་མཐའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་སུ་བཞག མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཡོང་འབབ་དམའ་བའི་མི་འབོར་ཁྲོད་ཀྱི་མི་འབུམ་གསུམ་དང་ཁྲི་ལྔ་སྟོང་གཉིས་ལྷག་མ་མཐའོ་འཚོ་བའི་འགན་སྲུང་ཁྲོད་འཇོག་རྒྱུ་ཡིན་ལ། མི་ཁྲི་གཅིག་དང་སྟོང་བདུན་དམིགས་བསལ་དཀའ་ཁག་ཅན་གྱི་རོགས་སྐྱོར་ཁྱབ་ཁོངས་སུ་འཇོག་རྒྱུ་དང་། གནས་སྐབས་རོགས་སྐྱོར་མི་ཐེངས་ཁྲི་བཞི་སྟོང་གཉིས་བརྒྱད་བརྒྱ་ལ་སླེབས་པར་བྱ་རྒྱུ་རེད།
དེ་ལས་གཞན། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་དགུ་བཅུའི་ཡན་གྱི་རྫོང་རིམ་པའི་མ་མཐའི་འཚོ་བའི་འགན་སྲུང་གི་ཞིབ་བཤེར་དབང་ཆ་དེ་ཡུལ་ཚོ་དང་གྲོང་རྡལ་གྱི་ལག་ཏུ་སྤྲད་རྗེས། རང་ཞིང་གིས་རེ་ཞུ་བྱེད་མཁན་གྱིས་སྤྲོད་དགོས་པའི་བདེན་དཔང་དོན་ཚན་ཉེར་གཉིས་མེད་པར་བྱས། གཞི་གྲངས་ཀྱིས་བདེན་དཔང་བྱེད་པ་དང་། མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་དཀའ་ཚེགས་ཇེ་ཉུང་དུ་བཏང་ནས། ཉིན་ཉི་ཤུའི་ནང་ལ་མ་མཐའི་འཚོ་བའི་འགན་སྲུང་བྱ་བ་འགྲུབ་པར་བྱེད་པ་མངོན་འགྱུར་བྱས། གནས་སྐབས་རོགས་སྐྱོར་བྱེད་དགོས་མཁན་དག་ལ་དཀའ་ཁག་གི་ཚད་ལ་གཞིགས་ནས། རོགས་སྐྱོར་གྱི་ཚད་དེ་རིམ་པ་དབྱེ་ནས་མཆོག་མཆན་འགོད་རྒྱུ་ཡིན་པ་དང་། གནས་སྐབས་དཀའ་ཁག་ལ་འཕྲད་པའི་མང་ཚོགས་ཀྱིས་མྱུར་དོན་མྱུར་སྒྲུབ་དང་འཕྲལ་དོན་འཕྲལ་སྒྲུབ་བྱེད་པར་ཁག་ཐེག་བྱས། ཁ་པར་གྱིས་མ་མཐའི་འཚོ་བའི་འགན་སྲུང་གི་བྱ་བ་སྒྲུབ་པར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་སུ་རོགས་སྐྱོར་བྱ་བར་དྲ་ལམ་རེ་ཞུ་བྱེད་པ་དང་། ཐོབ་ཐང་ཆ་འཕྲིན་ལ་དྲ་ཐོག་ནས་དཔང་ལེན་བྱེད་པ། འགྲོ་ལུགས་སྒྲུབ་ཚུལ་ལ་དྲ་ཐོག་ནས་ལྟ་སྐུལ་བྱེད་པ། འགྲོ་ལུགས་སྒྲུབ་པའི་མཇུག་འབྲས་དུས་འོས་འཚམ་གྱི་སྐབས་སུ་ཚུར་སྣང་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས། དོན་དག་སྒྲུབ་ཐེངས་གཅིག་གིས་འགྲུབ་པའི་སྤྱི་ཚོགས་རོགས་སྐྱོར་གྱི་བྱ་བ་མངོན་འགྱུར་བྱས་ཏེ། དཀའ་ཁག་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་སྔར་ལས་ཇེ་ལེགས་སུ་བཏང་ནས། སྔར་ལས་འགན་སྲུང་དང་རྒྱུན་མཐུད་རང་བཞིན་ཡོད་པར་བྱས།