མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-06-11 18:50:08 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བསླབ་ནས་ལས་ལ་སྐུལ་བ་དང་། དངོས་སྒྲུབ་ལག་ལེན་བྱེད་པ། མྱུར་དུ་ལངས་གཟུགས་འགྲིམ་འགྲུལ་དང་ལྗང་མདོག་འགྲིམ་འགྲུལ། གཞི་གྲངས་འགྲིམ་འགྲུལ་བཅས་ཀྱི་ལག་ལེན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། བརྗོད་དོན་སློབ་གསོའི་བྱ་བར་གྲུབ་འབྲས་དངོས་ལེན་པར་ཁག་ཐེག་བྱས། 

གནས་ཚུལ་ངོ་མ་རྒྱུས་ལོན་བྱས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བྱ་བའི་དཀའ་གནད་བཙལ་ཆེད་དུ། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་རྩ་འཛུགས་ཀྱིས་རྟོག་ཞིབ་དཔྱད་གཞི་དོན་ཚན་དགུ་བཏོན་ནས། ཐིང་རིམ་པའི་སྡེ་ཁག་སོ་སོ་དང་མཉམ་འབྲེལ་བྱས་ནས་རྟོག་ཞིབ་བྱ་བ་སྤེལ། རྟོག་ཞིབ་ཁྲོད་དུ་རྙེད་པའི་གནད་དོན་དག་བསེད་བཀྲོལ་བྱས་ནས། གནད་དོན་གསལ་ཐོ་དང་འགན་ཁུར་གསལ་ཐོ། ལས་འགན་གསལ་ཐོ་བཅས་གྲུབ་པར་བྱས་ནས། རིམ་གྱིས་ཐག་གཅོད་བྱེད་ཐབས་དང་འགན་ཁུར་ལས་ཁུངས། འགན་ཁུར་མི་སྣ། འགྲུབ་དགོས་པའི་དུས་ཡུན་བཅས་གསལ་བོ་བཟོས། 

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་འདིའི་མཐའ་བསྐོར་ནས། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་གནད་དོན་དག་ཐེར་ལེགས་བཅོས་ལ་རྐང་བཙུགས་ནས། དམངས་ཚིས་ཀྱི་བྱ་བའི་དོན་ཚན་གསལ་ཐོ་མངོན་པར་བྱས་ནས། འགྲིམ་འགྲུལ་ཁྱབ་ཁོངས་སུ་གནས་པའི་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ལ་གཞིགས་ནས། ཟམ་པ་རྙིང་བ་སྒྱུར་བཀོད་དང་། སྡེ་བའི་སྲང་ལམ་གྱི་མི་མངོན་པའི་བདེ་འཇགས་གནད་དོན་སོགས་དམངས་ཚིས་བྱ་བ་གལ་ཆེན་གསུམ་དག་ཐེར་ལེགས་བཅོས་བྱས་པ་དང་། ད་ལོ་ཞིང་སྡེའི་གཞུང་ལམ་དང་ཟམ་པ་རྙིང་བ་བཅུ་སྒྱུར་བཀོད་བྱེད་པ་དང་། སྡེ་བའི་ནང་གི་སྤྱི་ལེ་བརྒྱའི་གཞུང་ལམ་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱ་རྒྱུ་རེད། 

གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་གཞི་རྒྱ་ཆུང་པ་དང་། ཉེན་འགོག་གི་ནུས་པ་ཞན་པའི་གནད་དོན་ལ་ཁ་གཏད་ནས། ཁེ་ལས་གཙོ་གྲས་ཀྱིས་རང་འགུལ་གྱིས་བཟོ་ཚོང་ཁྱིམ་ཚང་སྒེར་ལ་ལེགས་སྒྲིག་དང་སྣེ་ཁྲིད་བྱས་ནས་དྲ་རྒྱའི་སྐྱེལ་འདྲེན་སྟེགས་བུ་རུ་ཞུགས་སུ་བཅུག་སྟེ། གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།