མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-06-09 16:55:30 

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་ཤུགས་འདོན་ས་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། མང་ཚོགས་ཀྱི་རེ་བར་ལན་ཡོད་པ་དང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པར་དམིགས་ནས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་དོན་དུ་ཁྲིམས་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དྲང་གཞག་དང་ལས་ཕྱོད་གཅིག་གྱུར་གྱི་སྒོ་ནས་ཁྲིམས་ཁང་གི་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་ཏེ། ཁྲིམས་འཛིན་དམངས་ཀྱི་ཆེད་དུ་ཡིན་པའི་དུས་རབས་ཀྱི་བྱ་གཞག་ཡག་པོར་སྒྲུབ་བཞིན་ཡོད།

དམངས་ཀྱི་བསམ་ཕྱོགས་གཅིག་སྡུད་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ཁྲོད་དམངས་དོན་ལེགས་པར་བསྒྲུབས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བརྟག་དཔྱད་ཞིབ་འཇུག་བྱེད་པར་མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་གསལ་པོར་བསྟན་ནས། མི་དམངས་མངཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པར་དམིགས་ཏེ། བྱ་བའི་མི་འདང་ས་ཇི་ལྟར་མཐོར་འདེགས་བྱེད་པར་ཞིབ་འཇུག་དང་། ཡུན་རིང་མཇུག་བསྡུ་མ་ཐུབ་པའི་ལག་བསྟར་གྱོད་གཞི་གཙོ་བཟུང་ནས་གཙང་སེལ་བྱེད་པ། དུས་རབས་གསར་པའི་སྐོར་ཞིབ་འདྲི་གཅོད་བྱ་བར་ཤུགས་སྣོན་དང་བཅོས་སྒྱུར་བྱེད་པ། ཁྲིམས་འཛིན་གོ་རིམ་གྱི་གནད་དོན་ཐག་གཅོད་པ་སོགས་ཀྱི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས། མགོ་ཁྲིད་གཙོ་བོས་གོང་རིམ་གིས་འོག་རིམ་ལ་སྣེ་ཁྲིད་དང་། གཞི་རིམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སྤྱི་ཡོངས་རང་བཞིན་དང་མདུན་ལྟའི་རང་བཞིན་གྱི་གནད་དོན་དང་འབྲེལ་བ་དང་། གཞི་རིམ་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་གཞིགས་ནས། མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ཁྲིམས་ཁང་རིམ་པའི་མགོ་ཁྲིད་དང་སྡེ་ཁག་གི་འགན་ཁུར་མི་སྣ་རེས་བརྟག་དཔྱད་བྱ་གཞི་གཅིག་ནས་གཉིས་ལ་མགོ་ཁྲིད་དེ། བརྟག་དཔྱད་ཀྱི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པའི་དོན་དངོས་གྲུབ་འབྲས་སུ་འགྱུར་བར་ཁག་ཐེག་བྱས།

ལག་ལེན་ལ་དམིགས་ཏེ་དམངས་སེམས་བཟོ་སྐྲུན་ལེགས་པོར་བསྒྲུབས། ཇུས་གཞི་བཟོས་ནས་དངོས་འབེབས་དམ་འཛིན་བྱེད་པ་དང་། མང་ཚོགས་ཀྱིས་འཕྲིན་ཡིག་བསྐུར་བའི་གཞི་རྩའི་བྱ་བ་ལེགས་བཅོས་དང་འཐུས་ཚང་དུ་བཏང་བ་དང་། འཕྲིན་ཡིག་ལས་བཤད་པའི་བྱ་བ་སྒྲུབ་པར་མི་དམངས་ལྟེ་བར་འཛིན་པའི་ཞབས་ཞུའི་འདུ་ཤེས་མཐའ་གཅིག་ཏུ་དངོས་འབེབས་དང་མང་ཚོགས་ཀྱི་སེམས་ཁུར་ལ་དུས་ལྟར་ལན་སྤྲད། སྒྲིག་སྲོལ་ལམ་སྲོལ་བཙུགས་ནས་ཚད་ལྡན་ཅན་ལ་སྐུལ་འདེད་དང་། ཞུ་གཏུག་དང་འབྲེལ་བའི་འཕྲིན་བཅར་གྱོད་དོན་སྒྲུབ་པའི་བྱ་བའི་དཔྱད་ཞིབ་ལ་ཤུགས་སྣོན་དང་འཕྲིན་བཅར་གྱོན་དོན་དྲ་ལམ་ནས་སྒྲུབ་པའི་ལྟ་སྐུལ་དོ་དམ་ཤུགས་ཚད་ཇེ་དྲག་ཏུ་བཏང་།

དམངས་ཚིས་ལ་དམིགས་ཏེ་གྱོད་དངུལ་གསལ་འདེབས་ཁྲོད་དུ་དམངས་དོན་བྱེད་ཐབས་གསར་གཏོད་བྱས། དངུལ་རྫས་ཀྱི་དོ་དམ་དང་ཉེན་འགོག་ལག་བསྟར་ལ་སྔར་ལས་ཤུགས་སྣོན་པ་དང་། ལག་བསྟར་གྱོད་དངུལ་བཀོལ་གཏོང་བྱ་བའི་ཕན་འབྲས་ལ་འགན་སྲུང་བྱེད་པ། ཁ་པར་བརྡ་འཕྲིན་ལས་གསལ་འདེབས་བྱེད་པའི་བྱེད་ཐབས་སྤྱད་ནས་ལག་བསྟར་གྱོད་དངུལ་དོ་དམ་བྱ་བར་ཤུགས་འདོན་པ་བཅས་ཀྱི་ཆེད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་གཅིག་ལ་བདག་ཐོ་གཅིག་གི་མ་ལག་ནུས་པ་འདོན་སྤེལ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། ལག་བསྟར་གྱོད་དངུལ་དོ་བདག་པའི་ལག་ཏུ་འབྱོར་བའི་ཁ་པར་བརྡ་འཕྲིན་གསལ་འདེབས་ནུས་པ་གསར་གཏོད་བྱས་ནས། ལག་བསྟར་གྱོད་དངུལ་དུས་ལྟར་སྟེར་བའི་ལས་དོན་མཐའ་གཅིག་ཏུ་ལེགས་པོར་བསྒྲུབས།

འདུ་ཤེས་གཙོར་བཟུང་སྟེ་བྱ་བའི་རྐྱེན་སྲོལ་ཁྲོད་དམངས་དོན་ཁྲིམས་འཛིན་མངོན་པར་བྱས། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་དང་། ཁྲིམས་ཁང་གི་མགོ་གཙོས་གྱོད་སྒྲུབ་བྱ་བའི་གཞི་རྩའི་བླང་བྱ་དང་། གཞི་རྩའི་ཁ་གྲངས་དང་དཀའ་ཚེགས་ཆེ་ཞིང་རྙོག་འཛིང་ཆེ་བའི་གྱོད་དོན་གལ་ཆེན་སྒྲུབ་པའི་གཞི་རྩའི་བླང་བྱ་དང་གྱོད་སྒྲུབ་བྱ་བའི་ལྟ་སྐུལ་དོ་དམ་གསལ་པོར་བཏོན་ནས། ཁྲིམས་ཁང་གི་མགོ་གཙོའི་འདྲི་གཅོད་བྱ་བའི་དཔེ་སྟོན་དང་། སྣེ་ཁྲིད། མཛུབ་སྟོན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།