མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ནུབ་རྒྱུད་གཏེར་ལས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-06-09 16:55:30 

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་བས། བརྗོད་དོན་སློབ་གསོ་དེ་ཀུང་སིའི་སྲོག་ཤིང་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བ་དང་ལས་བྱེད་པའི་འཐབ་རྩོད་ནུས་བ་མཐོར་འདེགས་སུ་གཏོང་བ། ལས་སྒྲུབ་ལས་སྤེལ་གསོན་ཤུགས་ཆེ་རུ་བསྐྱེད་པའི་བྱེ་བྲག་གི་ལག་ལེན་དུ་གྱུར་ཞིང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ནང་དུ་དེང་རབས་ཅན་གྱི་ཁེ་ལས་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། ཧུར་ཐག་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་བྱས་རྗེས་གསར་པ་བཞག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་ཟབ་མོ་བླངས་པ་དང་། གྲོས་དོན་དང་པོའི་ལམ་ལུགས་དངོས་འབེབས་བྱས་པ་བརྒྱུད་དེ། རིགས་གཞུང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། སྒྲིག་སྲོལ་གཅིག་དང་གསལ་ཁྲ་གཉིས་དང་གལ་ཆེན་གསུམ་དང་འབོར་ཆེན་གཅིག་གི་ཇུས་ཆོད་ལམ་ལུགས་ལག་བསྟར་བྱེད་ཐབས་གཏན་འཁེལ་བྱས་པ་དང་འཐུས་ཚང་དུ་བཏང་། ཏང་འཛུགས་དང་ཐོན་སྐྱེད་བདག་གཉེར་མཉམ་བསྲེས་ཟབ་མོ་བྱེད་པའི་བྱེད་ཐབས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཤིང་། ཏང་འཛུགས་བྱ་བའི་འགན་འཁྲིའི་དཔྱད་ཞིབ་བྱེད་ཐབས་བཙུགས་པ་དང་། ཏང་ཨུའི་ལྟ་ཞིབ་ལྟ་སྒྲུབ་ལམ་ལུགས་ཆ་ཚང་དུ་བཏང་ལ། ཁེ་ལས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་པས། ཀུང་སིའི་གཞི་ཁྱོན་དང་ཁེ་ཕན་ནུས་པ་སྔར་ལས་ཇེ་ཆེར་སོང་། ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་བའི་བར། ཀུང་སིས་ཚོང་གཉེར་ཡོང་སྒོ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་ལྔ་དུང་ཕྱུར་བདུན་མངོན་འགྱུར་བྱས་པ་དང་ཁེ་སྤོགས་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་ལྷག་ཐོབ།

སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་བཟང་བའི་འཚོ་བས་ཕན་ཚུན་ལ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། རྒྱུན་མཐུད་སྒོས་ལས་བཟོ་བའི་གླ་ཕོགས་སྒྲིག་གཞི་ལེགས་སྒྱུར་བྱས་པ་དང་། ལས་བཟོ་བའི་ཁེ་ཕན་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་ཆ་ཚང་དུ་བཏང་ནས། ལས་བཟོ་བ་ཡོངས་ལ་ཁ་གསབ་སྨན་བཅོས་ཉེན་སེལ་ཉོས་ཤིང་། ནད་བྱུང་ནས་དབུལ་ཕོངས་སུ་འགྱུར་བར་གཏན་འགོག་བྱེད་པའི་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པ་དང་། བསྡོམས་པས་ལས་བཟོ་བའི་དཀའ་ཁག་དང་གནད་དོན་ཉིས་བརྒྱ་ལྷག་ཐག་གཅོད་བྱས། རྒྱལ་དབང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་བསྟར་ནན་མོ་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཞི་ལྷག་བཏང་སྟེ། གྲངས་ཉུང་མི་རིགས་ས་ཁུལ་དུ་ལས་ཞུགས་ལ་རོགས་རམ་དང་རྨང་འཛུགས་ལ་རོགས་རམ། དར་སྤེལ་ལ་རོགས་རམ་བྱས་ནས། ཐོན་ལས་ཀྱིས་ཡུལ་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་དཔེ་མཚོན་གང་མང་གསར་སྐྲུན་བྱས་པས། རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།