མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་དམངས་སྲིད་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-06-09 16:55:30 

ཞིང་ཆེན་དམངས་སྲིད་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ།ཞིང་ཆེན་དམངས་སྲིད་ཐིང་གིས་དམངས་སྲིད་ཁོངས་གཏོགས་ཀྱི་དག་ཐེར་ལེགས་བཅོས་བྱ་བའི་ཇུས་གཞི་དུས་ཐོག་ཏུ་གཏན་འབེབས་བྱས་ཏེ་ཕྱིར་བཏོན་པར་མ་ཟད།བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་བརྟག་དཔྱད་ཞིབ་འཇུག་ཁྲོད་རྙེད་པའི་དཀའ་གནད་དང་མང་ཚོགས་ཀྱི་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ་དམངས་སྲིད་ཁོངས་གཏོགས་ཀྱི་རང་སྟེང་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་།ཞིང་ཆེན་ཡོངས་སུ་དམངས་སྲིད་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱས་ཏེ་དམངས་ཀྱི་ཆེད་དུ་དོན་དངོས་བཅུ་སྒྲུབ་པའི་ལས་གཞི་སྤེལ།

ཞིང་ཆེན་དམངས་སྲིད་ཐིང་གིས་སྤྱི་ཚོགས་རྩ་འཛུགས་གྲོང་གསེབ་དར་སྤེལ་ཁྲོད་ཞུགས་པའི་ལས་གཞི་སྤེལ་ཏེ་མ་དངུལ་སྒོར་འབུམ་གསུམ་གྲབས་གསོག་བྱས་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་ཁུར་བ་དང་རྐང་འཛིན་འཇོན་མིའི་གསོ་སྦྱོང་སྤེལ་བ་དང་།མ་དངུལ་སྒོར་འབུམ་གཅིག་གྲབས་གསོག་བྱས་ནས་གྲོང་གསེབ་དར་སྤེལ་ཞབས་ཞུའི་བྱ་བ་སྤེལ་བར་དཀའ་ཁག་ཡོད་པའི་སྤྱི་ཚོགས་རྩ་འཛུགས་ལ་རོགས་སྐྱོར་བྱས་པར་མ་ཟད།མ་དངུལ་སྒོར་འབུམ་བརྒྱད་གྲབས་གསོག་བྱས་ནས་གྲོང་གསེབ་དར་སྤེལ་གྱི་ས་ཁུལ་གཙོ་བོ་རུ་ཆེད་ལས་དཔེ་སྟོན་ཞབས་ཞུ་སྤེལ་བར་རོགས་འདེགས་བྱས།

བྱེད་ནུས་ཆེན་པོ་ཡོད་པའི་ཞིང་ཆེན་རིམ་པའི་སྤྱི་ཚོགས་རྩ་འཛུགས་བཅུ་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་རྫོང་གཙོ་བོ་དང་འགན་ལེན་འབྲེལ་འདྲིས་རོགས་སྐྱོར་སྡེ་བར་སོང་ནས་དགོས་མཁོར་ཞིབ་འཇུག་དང་།ལག་རྩལ་མཛུབ་སྟོན་དང་ལས་ཞུགས་ཁྲིད་སྟོན་སོགས་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱ་བར་སྐུལ་སློང་བྱས།

མ་དངུལ་སྒོར་ས་ཡ་གསུམ་ལྷག་གྲབས་གསོག་བྱས་ནས་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པར་དོ་ཁུར་བྱེད་པའི་ལས་གཞི་སྤེལ་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རྫོང་ཉེར་གཅིག་ཏུ་སོང་ནས་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པར་རིན་མ་བླངས་པར་ཞིབ་བཤེར་དང་ཕྱོགས་བསྡུས་དཔྱད་འཇོག་བྱས་པ་དང་།བཤགས་བཅོས་ཀྱི་ཆ་རྐྱེན་དང་མཐུན་ཞིང་རང་མོས་ངང་བཤགས་བཅོས་བྱེད་འདོད་པའི་སྙིང་ནད་ཡོད་པའི་བྱིས་པ་དག་སྐོར་ཐེངས་བགར་ཏེ་རྒྱལ་ནང་གི་མིང་གྲགས་ཆེ་བའི་སྨན་ཁང་དུ་སོང་ནས་རིན་མེད་ངང་བཤགས་བཅོས་བྱེད་པར་བཀོད་སྒྲིག་བྱས།

སྨན་ཁྲིད་ཀྱིས་རྒན་པར་རོགས་སྐྱོར་བྱེད་པའི་ལས་གཞིའི་ཁྲོད།ཞིང་ཆེན་དམངས་སྲིད་ཐིང་གྱིས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་གྲབས་གསོག་བྱས་པ་དང་།དང་བླངས་པ་སུམ་ཅུ་འདེམ་མངག་བྱས་ཏེ་ཞིང་ཆེན་མི་དམངས་སྨན་ཁང་དང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་།མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་སོགས་སུ་སོང་ནས་སྨན་ཁྲིད་ཞབས་ཞུའི་བྱ་བ་སྤེལ་ཏེ་ནད་པ་རྒན་པ་དང་དབང་བོ་སྐྱོན་ཅན་གྱི་ནད་པ།ལམ་ཐག་རིང་བའི་གྲངས་ཉུང་མི་རིགས་ཀྱི་ནད་པ་བཅས་ཀྱི་སྨན་པར་སྟོན་པའི་དཀའ་གནད་ཐག་བཅད།

སྒོར་ས་ཡ་གསུམ་ལྷག་གྲབས་གསོག་བྱས་ཏེ་ཆ་རྐྱེན་དང་མཐུན་པའི་དབང་བོ་སྐྱོན་ཅན་གྱི་ཞིབ་བཤེར་བྱ་བ་སྤེལ་བ་དང་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རིན་མ་བླངས་པར་ཁམས་གསོ་རོགས་སྐྱོར་སྒྲིག་ཆས་དང་སྨན་བཅོས་ཡོ་བྱད་སོགས་བྱིན་ནས་དབང་བོ་སྐྱོན་ཅན་གྱི་འགྲོ་འདུག་དང་ཕྱིར་བགྲོད་སོགས་ཐད་ཀྱི་དཀའ་གནད་དངོས་ཐག་བཅད།མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བཞི་གྲབས་གསོག་བྱས་ནས་མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སོགས་ཀྱི་གནས་སྤོར་ཁུལ་དུ་སོང་ནས་སྤྱི་ཚོགས་བྱ་བའི་ཆེད་ལས་བྱེད་ཐབས་བརྒྱུད་དེ་ས་དེའི་ལོ་ལོན་རྒན་པའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཞིང་ཆེན་དམངས་སྲིད་ཐིང་གིས་ད་རུང་ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་བཅའ་སྡོད་ལམ་ལུགས་སློབ་ཆུང་སོགས་ལ་རིགས་སྟོབས་སློབ་ཁང་འཛུགས་སྐྲུན་དང་སློབ་ཁྲིད་སྒྲིག་ཆས་ཉོ་བ་དང་།ཞིང་ཆེན་ཡོངས་ཀྱི་ཆ་རྐྱེན་དང་མཐུན་པའི་དཀའ་ཁག་ཡོད་པའི་སློབ་ཆེན་སློབ་མར་སློབ་ཞུགས་རོགས་དངུལ་འདོན་སྤྲོད་བྱེད་པ་སོགས་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།