མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཀྱིས་བརྗོད་དོན་སློབ་གསོར་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་བ།

  2023-06-07 15:48:01 

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་གསུམ་པས་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་བཏང་བ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་གསུམ་པས་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་གཞུང་སྒྲུབ་ཁང་གི་བཀོད་སྒྲིག་ལྟར། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་སོགས་འབྲེལ་འདྲིས་མཛུབ་སྟོན་བྱེད་ཡུལ་གྱི་ལས་ཁུངས་དགུ་དམིགས་སུ་བཟུང་ནས། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་ཡུལ་དངོས་མཛུབ་སྟོན་དང་ནན་ལྟ་ཞིབ་སྟོན་བྱས་ཤིང་། སློབ་ཉན་འདྲི་བཤེར་དཔྱད་བཅས་ཀྱི་ཐབས་ལམ་ཕྱོགས་བསྡུས་ཀྱིས་སྤྱད་དེ། སྐོར་ཞིབ་མཛུབ་སྟོན་བྱ་བར་བསྟུད་མར་ཤུགས་བསྣན་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བར་ཁྲིད་སྟོན་བྱས།

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་གསུམ་པས་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་དམིགས་འབེན་ལས་འགན་ལ་དམ་དུ་སྦྲེལ་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཆ་ཚང་ཞིང་མ་ལག་ལྡན་པར་སློབ་སྦྱོང་བཟང་པོ་བྱེད་རྒྱུ་དང་ཟུང་སྦྲེལ་མཐིལ་རྟོགས་བཟང་པོ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་སྲོག་ཤིང་དོན་སྙིང་དང་དགོངས་དོན་ངོ་བོ། ལག་ལེན་བླང་བྱ་བཅས་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་པ་དང་། ལྟ་སྐུལ་མཛུབ་སྟོན་བྱ་བའི་ཁ་ཕྱོགས་ཡང་དག་དམ་འཛིན་གྱིས་འབྲེལ་འདྲིས་མཛུབ་སྟོན་བྱེད་ཡུལ་གྱི་ལས་ཁུངས་རྣམས་དང་མཉམ་དུ་སློབ་སྦྱོང་བྱེད་པ་དང་ཡར་ཐོན་ཡོང་བ། སྟོབས་ཤུགས་འདོན་པ་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུའི་མཛུབ་སྟོན་ཚན་ཁག་གི་སྣང་བརྙན་བཟང་པོ་གྲུབ་པར་བྱས།

མིག་སྔར་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་གསུམ་པས་འབྲེལ་འདྲིས་མཛུབ་སྟོན་བྱེད་ཡུལ་གྱི་ལས་ཁུངས་དགུས་གནས་པའི་འབུར་ཐོན་གནད་དོན་ལ་གཏད་དེ་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་གཏན་ལ་ཕབ་པ་དང་། དག་ཐེར་ལེགས་བཅོས་ཀྱི་དུས་ཚོད་གཏན་འཁེལ་བྱས་ཏེ། དག་ཐེར་ལེགས་བཅོས་ཀྱི་ཕན་འབྲས་མཐོར་འདེགས་བྱེད་བཞིན་ཡོད་པར་མ་ཟད། བརྗོད་དོན་སློབ་གསོ་དང་ལས་སྒོ་གོང་སྤེལ་གཉིས་མཉམ་འདྲེས་ཀྱིས་སྤེལ་རྒྱུ་རྒྱུན་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཟབ་སྒྱུར་དང་ནང་སྒྱུར། སྤོ་སྒྱུར་བཅས་ཀྱི་བྱ་བ་དངོས་སུ་བཟང་པོར་སྒྲུབ་སྟེ། བརྗོད་དོན་སློབ་གསོ་བསྟུད་མར་གཏིང་ཟབ་དང་གཟབ་ནན་སྒོས་སྤེལ་བཞིན་ཡོད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།