བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཞིབ་དཔྱོད་ཁང་གིས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པར་ཞིབ་དཔྱད་བྱེད་པ་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས་ཞིབ་དཔྱོད་ཀྱི་གོ་རིམ་དེ་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་འབུར་ཐོན་གནད་དོན་སྟེང་མངོན་པར་བྱས་ནས་དམངས་ལ་ཕན་པ་སྒྲུབ་པ་དང་དམངས་སེམས་དྲོ་བར་བྱེད་པ། དམངས་སེམས་དང་བསྟུན་པ་བཅས་ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། མང་ཚོགས་ཀྱི་འབོད་སྐད་ལ་ཨ་ལན་ཡོད་པར་བྱེད་པ། ཁྲིམས་ལྟར་འགན་སྒྲུབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ཇེ་དྲག་ཏུ་བཏང་།
ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་བཏང་ནས་་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བར་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ་དང་། མང་ཚོགས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཡོད་པའི་འབུར་ཐོན་གནད་དོན་ལ་ཁ་གཏད་པ་དང་། བསམ་བཞིན་དུ་གནོད་སྐྱེལ་བ་དང་རྙོག་དྲ་བཟོ་བ། མི་མང་གིས་ཁ་འཛིང་བྱེད་པ། ཁྲིམས་འགལ་བཀག་སྐྱིལ་བྱེད་པ་བཅས་ཁྲིམས་འགལ་ནག་ཉེས་རིགས་བཞིར་དམིགས་ནས་ཁྲིམས་ལྟར་འབྲེལ་ཡོད་དཔེ་གཞིའི་ཁུངས་སྣེ་འཚོལ་བར་སྐུལ་འདེད་བཏང་།
ཁྲིམས་ལུགས་ཀྱི་ལྟ་སྐུལ་འགན་ནུས་ལ་རྐང་བཙུགས་ནས་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བར་སྤུས་ལེགས་ཀྱི་ཞིབ་དཔྱོད་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ཞིབ་དཔྱོད་འགན་སྒྲུབ་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བར་བཀོད་སྒྲིག་བྱས་ནས་དཔེ་གཞི་དང་འབྲེལ་བའི་ཁེ་ལས་ཀྱི་སྒྲིག་སྲོལ་དང་མཐུན་པའི་བཅོས་སྒྱུར་སོགས་དེའི་ཁྲོད་བཞག་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་བྱ་བ་ཞིབ་ཕྲ་ཅན་དུ་བཏང་། ཐོན་ཁུངས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་ནག་ཉེས་ལ་རྡུང་རྡེག་ནན་མོ་བྱས་ནས་ཆུའི་འགྲམ་རྒྱུད་ས་ཁུལ་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་དང་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ནས་ཞིང་ཆེན་ཆུ་བེད་ཐིན་དང་མཉམ་དུ་རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། རྨ་ཆུར་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་སོགས་ཁྱབ་ཁོངས་གཙོ་བོའི་བྱ་བར་སྐུལ་འདེད་བཏང་།
ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་རྒྱུན་བསྐྱངས་ནས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་འབུར་ཐོན་གནད་དོན་ཐག་གཅོད་ཆེད་ཞིབ་དཔྱོད་ཁང་གིས་གྱོད་གཞི་སྒྲུབ་པའི་གོ་རིམ་ཧྲིལ་བོ་དང་རིམ་པ་སོ་སོར་ཁྲིམས་འཛིན་རོགས་སྐྱོར་འགན་འཁྲི་དངོས་འབེབས་བྱེད་པའི་རྒྱུན་བསྐྱངས་ཏེ་ཐེངས་ང་བཞི་དང་མི་རེ་དགུ་ལ་རོགས་སྐྱོབ་བྱས་པ་དང་། རོགས་དངུལ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་གསུམ་བྱིན། མང་ཚོགས་ཀྱི་དོན་དག་རེ་རེར་ཨ་ལན་ཡོད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་འགལ་རྩོད་ཞི་བར་བཏང་སྟེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཕན་ཀུང་སིའི་ཁྲིམས་འཛིན་སྲུང་སྐྱོབ་རྐྱེན་སྲོལ་བཙུགས་ནས་བུད་མེད་དང་མི་ལུས། ངལ་རྩོལ་ལས་ཞུགས་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་ཐེབས་པའི་ཁྲིམས་འགལ་གྱི་སྤྱོད་ལམ་ལ་དམིགས་ནས་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ལ་བརྟེན་ནས་བུད་མེད་ཀྱི་བདེ་སྐྱིད་འཚོ་བའི་རེ་འདུན་གསར་པ་དང་རེ་སྙེག་གསར་པར་སྲུང་སྐྱོང་བྱས།