མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

སྲིད་ཁྲིམས་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས་པ།

  2023-06-07 15:48:01 

ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་མཚོ་སྔོན་གྱི་སྲིད་ཁྲིམས་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས་པ།

ཟླ6པའི་ཚེས5ཉིན། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་མཚོ་སྔོན་གྱི་སྲིད་ཁྲིམས་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་འཛིན་གྲྭ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ནན་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་གཏན་ཕབ་གཉིས་ཀྱི་བློ་དཀར་སྲུང་སྐྱོབ་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་དཔེ་སྟོན་སྣེ་ཁྲིད་པ་བྱེད་དགོས། དྲིན་གཟོ་བསམ་པ་བཅངས་ནས་སློབ་སྦྱོང་བྱས་ཏེ་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། བདེན་ལུགས་རྟོགས་པར་བྱེད་པ་བཅས་ཀྱི་ཁྲོད་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་སྟོབས་ལྡན་རྙེད་པར་བྱེད་དགོས། འགན་འཁྲིའི་བསམ་པ་བཅངས་ནས་སློབ་སྦྱོང་བྱས་ཏེ་འགན་སྒྲུབ་ནན་མོ་དང་བཟང་བོའི་ལས་ལ་གཞོལ་བའི་འཇོན་ཐང་བསྐྱེད་དགོས། དོ་སྣང་གི་བསམ་པ་བཅངས་ནས་སློབ་སྦྱོང་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་གཅིག་བསྡུས་བྱས་ནས་སྲིད་ཁྲིམས་ཀྱི་བྱེད་ནུས་ཀྱིས་མཚོ་སྔོན་གྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་སྦྱོང་དགོས། རྗེས་སྙེག་གི་བསམ་པ་བཅངས་ནས་སློབ་སྦྱོང་བྱས་ཏེ་སྲིད་ཁྲིམས་བྱ་བ་དང་དཔུང་སྡེ་འཛུགས་སྐྲུན་གྱི་མི་འདང་སར་དམིགས་ནས་སྲིད་ཁྲིམས་ཀྱི་བྱེད་ནུས་མངོན་པ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁག་ཁུར་སྦྱོང་བ་སོགས་བྱེད་དགོས།

ལིས་ཧུང་ཡ་ཡིས་མགོ་འཛིན་བྱས་པ་དང་། ཀྲང་ཙིག་ཅུན་དང་ཀྲ་ཆིན་ཅིག་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དྲུག་པས་ཡུལ་དངོས་མཛུབ་སྟོན་བྱས།

ཐེངས་འདིའི་བགྲོ་གླེང་འཛིན་གྲྭའི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་ཁྲིམས་སྡེ་ཁག་སོ་སོའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་སྲིད་ཁྲིམས་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།