མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-06-06 15:20:47 

ཟླ6པའི་ཚེས2ཉིན། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཆུ་བེད་ཐིང་གིས་བརྗོད་དོན་སློབ་གསོའི་ངེས་ཀློག་དང་འདེམ་ཀློག་དཔེ་ཆ་སློབ་སྦྱོང་བྱེད་རྒྱུ་དམ་འཛིན་བྱས་པ་དང་མཉམ་དུ་ཆུ་བེད་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏན་ཏན་ཏིག་ཏིག་སྒོས་བརྗོད་དོན་སློབ་གསོ་གཙོ་ཡིན་པའི་རིགས་གཞུང་སློབ་སྦྱོང་གི་ནང་དོན་མ་ལག་གསར་སྐྲུན་བྱས་ཤིང་། སློབ་སྦྱོང་གི་རྣམ་པ་གསར་སྐྲུན་བྱས་པ་བརྒྱུད་དེ་ལས་གཞི་གདམ་གསེས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་གི་གསར་གཏོད་རིགས་གཞུང་ལ་ཁས་ལེན་ཚད་སྔར་ལས་ཇེ་ཆེར་འགྲོ་བར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱས་ཏེ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བྱས།

རིགས་གཞུང་དོན་དངོས་དང་འབྲེལ་བའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་གང་ལེགས་བྱེད་ཆེད། ཆུ་བེད་པུའུ་ཕྱོགས་བསྡུས་ལས་དོན་ཅུའུ་སོགས་ཀྱི་འབྲེལ་ཡོད་དགེ་རྒན་ཆེན་མོ་དང་ཆེད་མཁས་པ་གདན་དྲངས་ཏེ་དོན་དངོས་དང་དངོས་བཀོལ། དངོས་ཕན་བཅས་ལ་རྐང་བཙུགས་ནས། ཆུ་གྲོན་ཆུང་དོ་དམ་བྱེད་སྒོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ནས་གསོ་སྦྱོང་བྱས་པ་དང་། རྫོང་ཁོངས་ཀྱི་ཆུ་གྲོན་ཆུང་རང་བཞིན་གྱི་སྤྱི་ཚོགས་དམིགས་ཚད་འཛུགས་སྐྲུན་དང་ཆུ་གྲོན་ཆུང་བྱས་ནས་བཀོལ་སྤྱོད་བྱེད་པའི་དོ་དམ་བྱ་བ། ཆུ་གྲོན་ཆུང་རང་བཞིན་གྱི་མཐོ་རིམ་སློབ་གྲྭ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས། གསོ་སྦྱོང་བྱས་པ་བརྒྱུད་དེ་གསོ་སྦྱོང་ལ་ཞུགས་པའི་ཏང་ཡོན་ལས་བྱེད་པའི་བསམ་རྒྱ་ཇེ་ཡངས་སུ་བཏང་ཞིང་ཤེས་རྒྱ་ཇེ་ཆེར་བཏང་བ་དང་། རྨང་གཞི་ཇེ་བརྟན་དུ་བཏང་ནས། ཆུ་གྲོན་ཆུང་བྱེད་པའི་ལས་འགན་དངོས་འབེབས་བྱས་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་བ་དང་། རྒྱུན་མཐུད་སྒོས་ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་སྒོས་བཀོལ་སྤྱོད་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་།

དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ལས་གནས་ལ་རྐང་འཛུགས་པ། ནུས་པ་མཐོར་འདེགས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་ཆུ་བེད་རིག་གཞུང་སྒྱུ་རྩལ་མཐུན་ཚོགས་དང་ཟུང་འབྲེལ་བྱས་ནས་ཆུ་བེད་བྱེད་སྒོའི་ཤེས་བྱ་སློབ་ཁྲིད་བྱས་ཤིང་། ཆུ་བེད་པུའུ་དང་རང་ཞིང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་གདན་དྲངས་ཏེ། ཆུའི་དྲའི་འཆར་འགོད་འཛུགས་སྐྲུན་དང་ཆུའི་ཐོན་ཁུངས་ལེགས་བསྡུས་སྒོས་གྲོན་ཆུང་བྱེད་པ། ས་ཆུ་སྲུང་འཛིན་བཅོས་སྐྱོང་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བའི་ཞན་ཆ་ཁ་གསབ་དང་མི་འདང་ས་ལེགས་སྒྱུར་བྱེད་པར་རོགས་འདེགས་བྱས་པ་དང་། ནུས་པའི་ཉམས་ཉེན་སེལ་བར་མ་ཟད། རྒྱུན་མཐུད་སྒོས་ཆུ་བེད་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྟོབས་དང་ལྡན་པའི་འདེགས་ཤུགས་འགན་སྲུང་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།