མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྤྱི་བདེ་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-06-06 15:20:47 

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་སྤྱི་བདེ་ཐིང་གིས་སྲིད་ཇུས་ཞིབ་འཇུག་དང་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། རིམ་པ་དང་རིགས་བགར་ཏེ་སྐུལ་འདེད་གཏོང་བ། འགན་འཁྲི་ཇེ་ཞིབ་ཏུ་གཏོང་བ། རྒྱུགས་ལེན་དང་འདྲི་རྟོག གླེང་མོལ། ཞིབ་བཤེར་བཅས་ཀྱི་བྱེད་ཐབས་བརྒྱུད་དེ་ཐིན་ཁོངས་གཏོགས་སྡེ་ཁག་ཏུ་ཟབ་ཞུགས་བྱས་ནས་བརྗོད་དོན་སློབ་གསོ་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བྱས། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་རྩ་དོན་རྒྱུན་འཁྱོངས་དང་བྱེད་ཐབས་བཟང་བོ་སྤྱད་དེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

རྒྱུགས་ལེན་པའི་བྱེད་ཐབས་སྤྱད་དེ་གཞུག་ལུགས་སློབ་སྦྱོང་གི་ཕན་འབྲས་ཚད་ལེན་བྱས། ཞིང་ཆེན་སྤྱི་བདེ་ཐིན་གྱིས་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་དེ་ལྟ་སྐུལ་མཛུབ་སྟོན་གྱི་ལས་འགན་གལ་ཆེན་དང་ད་ལྟའི་དུས་སྐབས་ཀྱི་བྱ་བ་གཙོ་བོར་བརྩིས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ངེས་ཀློག་དང་འདེམས་ཀློག་ནང་དོན་ལ་སློབ་སྦྱོང་བཟང་བོ་བྱས་ཡོད་མེད་གཙོར་བཟུང་ནས་ཞིབ་དཔྱད་བྱས་པ་དང་། མགོ་ཁྲིད་ལས་བྱེད་པར་གཞུང་ལུགས་ཐད་ཀྱི་རྒྱུགས་བླངས་ཏེ་ཁོ་ཚོའི་གཞུང་ལུགས་སློབ་སྦྱོང་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་གཞུང་ལུགས་སློབ་སྦྱོང་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་པར་མ་ཟད། བྱེད་ཐབས་གསར་སྐྲུན་གྱིས་བརྗོད་དོན་སློབ་གསོ་སྤེལ་བར་མཛུབ་སྟོན་བྱས།

འདྲི་རྟོག་བྱས་ཏེ་དོན་འཁྱོལ་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས། བརྗོད་དོན་སློབ་གསོའི་བཀོད་སྒྲིག་དོན་འཁྱོལ་གནས་ཚུལ་དེ་ལྟ་སྐུལ་མཛུབ་སྟོན་གྱི་ནང་དོན་གལ་ཆེན་དུ་བརྩིས་ཏེ་སྡེ་ཁག་གི་མགོ་ཁྲིད་གཙོ་བོ་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་བརྗོད་དོན་སློབ་གསོའི་བྱ་བའི་ཐད་ཀྱི་བསམ་བློའི་ངོས་འཛིན་དང་གནད་དོན་ལ་ལྟ་ཞིབ་བྱས་ཏེ་དག་ཐེར་ལེགས་བཅོས་བྱས་པ། འགན་སྒྲུབ་བྱས་པ་བཅས་ཀྱི་གནས་ཚུལ་འདྲི་ཞིབ་བྱས་པ་དང་། སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོས་བརྗོད་དོན་སློབ་གསོའི་འགན་ཁུར་བ་དང་པོ་ཡིན་པའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་སེམས་ཞིབ་མོས་རྩ་འཛུགས་བྱེད་པ། དཔེ་སྟོན་སྣེ་ཁྲིད་བཟང་བོ་བྱེད་པ། རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པའི་བྱ་བའི་རྣམ་པ་གྲུབ་པར་བྱས་ཏེ་བརྗོད་དོན་སློབ་གསོར་གྲུབ་འབྲས་དངོས་ཐོབ་པར་འགན་སྲུང་བྱེད་པའི་ཐད་མཛུབ་སྟོན་བྱས།

གླེང་མོལ་བྱས་ཏེ་འབུར་ཐོན་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱས། སེམས་གཏམ་ལ་ཉན་པ་དང་དོན་དངོས་ལ་ལྟ་ཞིབ་བྱེད་རྒྱུ་དེ་ལྟ་སྐུལ་མཛུབ་སྟོན་བྱ་བའི་གཙོ་གནད་དུ་བཟུང་སྟེ་བརྗོད་དོན་སློབ་གསོ་བྱ་བའི་ནང་གནས་གཏན་ཚིགས་འབྲེལ་བའི་ངོན་ཟིན་གླེང་བ་དང་། བརྗོད་དོན་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་བྱ་བ་བཟང་བོར་སྤེལ་བ་སོགས་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས་པར་མ་ཟད། གཏན་འཁེལ་དྲུག་དང་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་ངང་ཟ་འཐུང་བྱེད་པའི་ཐད་ཀྱི་མི་ཆོག་པ་བཅུ། གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་ལེགས་བཅོས་ཐད་ཀྱི་བསམ་བློའི་ངོས་ཟིན་བཅས་གླེང་སྟེ་ཚང་མས་ཆབ་སྲིད་སྤུས་ཚད་དང་ལངས་གནས། ཆེད་ལས་བྱང་ཚད་སོགས་མཐོར་འདེགས་གཏོང་བ་དང་། འབད་འབུངས་ཡར་བརྩོན་དང་འཐབ་རྩོད་བྱེད་ཕོད་པའི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བར་མཛུབ་སྟོན་བྱས།

ཞིབ་བཤེར་བྱས་ཏེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས། བྱ་བ་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ལྟ་སྐུལ་མཛུབ་སྟོན་གྱི་གནད་འགག་གི་བྱེད་ཐབས་སུ་བྱས་ཏེ། སྡེ་ཁག་སོ་སོས་གཞུང་ལུགས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལྟ་ཞིབ་ལེགས་བཅོས་སོགས་བྱ་བ་སྤེལ་བར་ཕྱོགས་ཡོངས་ནས་འཐེན་བཤེར་བྱས་ཏེ་དུས་ཐོག་ཏུ་གནད་དོན་གྱི་འབྱུང་རྩ་བཏོན་པར་མ་ཟད། བརྗོད་དོན་སློབ་གསོ་དང་བྱ་བ་གཙོ་བོ་གཅིག་གྱུར་མཐུན་སྦྱོར་བྱེད་པ་དང་། གནད་དོན་འཚོལ་བ་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་སོགས་ཕྱོགས་ནས་བྱ་བའི་བླང་བྱ་བཏོན་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་འགན་སྲུང་བྱས།

རྩོམ་སྒྲིག་པ།