བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་གིས་སྤྱིའི་རེ་བ་དང་རྩ་བའི་ལས་འགན་ལ་དམ་དུ་དམིགས་ནས། བརྟག་དཔྱད་ཞིབ་འཇུག་གི་གོ་རིམ་ཁྲོད་དུ། མཚོ་སྔོན་ཞིང་ལས་ཡིད་རྟོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དམིགས་འབེན་བྱས་ཏེ། ཚན་རིག་དང་མཐུན་པར་གཙོ་གནད་གཏན་ཕབ་དང་། དཀའ་ངལ་སེལ་བར་མཉམ་འཇོག་བྱེད་པ། རྣམ་ཀུན་མི་འདང་སར་དོ་སྣང་བྱེད་པ། ནུས་ཤུགས་ཡོད་རྒུས་དཀའ་ངལ་སེལ་བ་བཅས་བྱས་ཏེ། ནན་ནན་ཏིག་ཏིག་གིས་བརྗོད་དོན་སློབ་གསོ་གཟབ་ནན་དང་གཏིང་ཟབ་སྒོས་སྤེལ་བར་སྐུལ་འདེད་བཏང་།
ཞིང་ཆེན་མཉམ་ལས་དངུལ་ཁང་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་གཏན་འཁེལ་བྱས་པའི་ཕྱོགས་བཅུ་གཉིས་ཀྱི་བརྟག་དཔྱད་ནང་དོན་དང་ཚད་བསྡུར་བྱས་ནས། གནད་དོན་ཡང་དག་པར་རྙེད་པར་བྱེད་པ་དེ་བརྟག་དཔྱད་ཞིབ་འཇུག་གི་བྱ་བའི་གཙོ་འགན་དུ་བརྩིས་ཏེ། མཚོ་སྔོན་ཞིང་སྡེ་ཡིད་རྟོན་དངུལ་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་གནས་པའི་གནད་དོན་དང་། མ་ལག་ཧྲིལ་བོའི་ལོ་སྟོད་ཀྱི་ལས་འགན་གཙོ་བོ། ཏང་འཛུགས་བྱ་བའི་ཁྲོད་ཀྱི་འབུར་ཐོན་གནད་དོན། མི་དམངས་མང་ཚོགས་དང་ལས་བྱེད་པའི་ཁྲོད་བསམ་འཆར་ཆེ་བའི་གནད་དོན་ཚ་ཤོས་སོགས་ལ་གཞིགས་ནས། རྨང་གཉིས་མཉམ་འགུལ་གྱི་བྱ་བའི་རྣམ་པ་འཕེལ་རྒྱས་སུ་གཏོང་བ་དང་། ལས་སྒོའི་ཡོང་འབབ་ཀྱི་གནས་ཚུལ། སྤྱོད་ངན་བཞིའི་གནད་དོན་དག་ཐེར་ལེགས་བཅོས་གཏིང་ཟབ་བྱེད་པ། གཞི་གྲངས་ཅན་གྱི་ཚུལ་སྒྱུར་འཕེལ་རྒྱས་སོགས་བཅོས་སྒྱུར་འཕེལ་རྒྱས་ཁྲོད་ཀྱི་ངོས་མི་འདྲ་བའི་བརྟག་དཔྱད་ནང་དོན་རིགས་བཅོ་ལྔ་གཏན་འཁེལ་བྱས།
ཐེངས་མང་པོའི་དཔྱད་གླེང་བརྒྱུད་ནས། ཞིབ་བཤེར་དག་ཐེར་ལེགས་བཅོས་ཀྱི་གསལ་ཁྲ་དང་། བརྟག་དཔྱད་ཀྱི་གསལ་ཁྲལ། དམངས་ཚིས་དང་འབྲེལ་བའི་དོན་དག་བཅས་གཏན་ཁེལ་བྱས་ཏེ། རང་འགུལ་གྱིས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ཡུལ་དང་ཆེས་དངོས་ཡོད་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་ཞིབ་ཕྲའི་གནད་དོན་ལ་ལན་བྱིན་པ་མ་ཟད། དག་ཐེར་ལེགས་བཅོས་ཀྱི་ཐག་གཅོད་བྱེད་ཐབས་དང་འགན་འཁུར་ལས་ཁུངས། འགན་འཁུར་མི་སྣ། འགན་ཡུན་བཅས་གཏན་ཁེལ་ཞིབ་མོ་བྱས་པ་དང་། མང་ཚོགས་ཀྱིས་དོ་སྣང་བྱེད་པའི་དཀའ་གནད་དེ་བྱ་བར་སྐུལ་འདེད་བྱེད་པའི་ཐབས་ཤེས་སུ་བསྒྱུར་རྒྱུ་དམིགས་འབེན་དུ་བཟུང་ནས། ནུས་ཤུགས་ཡོད་རྒུས་དམངས་ཚིས་ཀྱི་གནད་དོན་ལེགས་སྒྱུར་དང་འགན་སྲུང་བྱས། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་དངུལ་རྩའི་དགོས་མཁོ་ལ་གཞིགས་ནས། ཡུལ་དངོས་དང་དྲ་ཐོག་མཉམ་འདྲེས་བྱེད་པར་ཤུགས་བསྣན་ནས། གྲོང་ཁྱེར་སྡོད་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་རོགས་འདེགས་བྱས་ནས། ཞིང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་རའི་སྟེགས་བུ་སོགས་དམངས་ཚིས་དོན་བྱ་གལ་ཆེན་ལ་རྒྱབ་སྐྱོར་བྱས་ཤིང་། དེ་བརྗོད་དོན་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་གལ་ཆེན་དུ་བརྩིས་ནས་དང་ལྷོད་མི་བྱེད་པར་དམ་འཛིན་བྱས་པ་དང་། བརྗོད་དོན་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག་དེ་གཏིང་ཟབ་ཏུ་དངོས་འབེབ་བྱས་ནས། མང་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་རེ་རེ་ལ་བརྡ་ལན་ཡོད་ཅིང་། དངོས་འབེབ་དོན་འཁྱོལ་བྱ་རྒྱུར་ཁག་ཐེག་བྱས།
ལས་གཉེར་བྱ་བའི་དཀའ་གནད་ནི་ཏང་འཛུགས་བྱ་བའི་ཁྲོད་ཀྱི་གཙོ་གནད་ཡིན་པའི་འདུ་ཤེས་ལག་བསྟར་བྱེད་པར་གཞིགས་ནས། གཞི་རིམ་གྱི་གླེང་ཕྱོགས་གསལ་བོ་བརྟན་འཛུགས་དང་། རྩ་འཛུགས་མ་ལག་གི་འཛུགས་སྐྲུན་གྲུབ་འབྲས་དེ་ཇེ་བརྟན་དུ་བཏང་ནས། ལྔ་འབྲེལ་ལྔ་འདྲེས་ཀྱི་བྱ་བ་ཁྱོན་ཡོངས་ནས་སྤེལ་བ་དང་། གཞི་རིམ་ཏང་ཀྲི་པུའུ་ཡི་གཞི་རིམ་སྟོབས་དང་ལྡན་པའི་བཟོ་བཀོད་དང་མགོ་ཁྲིད་དང་པོའི་ཏང་འཛུགས་ལས་གཞི་སོགས་བྱ་འགུལ་རྒྱ་ཆེར་སྤེལ་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་སྔར་ལས་ཇེ་དྲག་ཏུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་གྱི་སྤུས་ཚད་དང་ལས་ཕྱོད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བཏང་། རང་སྟེང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་གནད་དོན་ལ་ཁ་གཏད་ནས། ཞིང་ཆེན་མཉམ་ལས་དངུལ་ཁང་མགོ་ཁྲིད་ཚན་ཁག་གི་ཁོངས་མི་ཚོས་རྟོག་ཞིབ་བྱས་པའི་རྨང་གཞིའི་སྟེང་། ད་ལོའི་ཟླ་བཞི་པར་ཞིང་ཆེན་རིམ་པའི་ཞིང་སྡེ་ཚོང་དོན་དངུལ་ཁང་གི་གཞི་གྲངས་དངུལ་རྩ་མཉམ་འབྲེལ་གྱི་བྱ་བ་སྤེལ་བ་གོ་སྐབས་སུ་བརྩིས་ནས། ཅང་སུའུ་དང་ཀྲེ་ཅང་ཞིང་ཆེན་གཉིས་བར་དུ་བརྗེ་རེས་མཉམ་འབྲེལ་སྔར་མེད་གཏིང་ཟབ་ཏུ་སྤེལ་ནས། ཁྱོན་ཡོངས་དང་ཁྱབ་ཁོངས་ཧྲིལ་བོའི་ཁྲོད་དུ་ཞིང་ཆེན་གཉིས་ཀྱི་ཞིང་སྡེ་ཡིད་རྟོན་དངུལ་ཁང་མ་ལག་གི་ཆ་འཕྲིན་ཚན་རྩལ་འཛུགས་སྐྲུན་དང་ཁེ་གཉེར་དོ་དམ། གཞི་གྲངས་ཅན་གྱི་ཚུལ་སྒྱུར་དང་དོ་དམ་ཚད་གཞི་བཅས་ཀྱི་སྔོན་ཐོན་ཉམས་མྱོང་ལ་དཔེ་ལྟ་སློབ་སྦྱོང་བྱས་ནས། གསལ་ཁྲ་དངོས་འབེབས་དང་ཆེད་ལས་འཕེལ་རྒྱས་ཀྱི་རྒྱུ་ལམ་ཇེ་ཡངས་སུ་བཏང་།