བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ས་གནས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག ཞིབ་བཤེར་དག་ཐེར། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དངུལ་རྩས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བ་དང་སྦྲེལ་མཐུད་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་འགུལ་སྐྱོད་དུ་འགྱུར་བར་བྱས་ནས། སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུས་བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ།
གནད་དོན་དངོས་སུ་ཐག་གཅོད་པ་དང་གནད་དོན་ངོ་མ་ཐག་གཅོད་པའི་བྱ་བའི་བླང་བྱར་དམ་དུ་དམིགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་བྱ་བའི་བྱེད་ཐབས་སོགས་དཔྱིད་རླུང་འགུལ་སྐྱོད་ཀྱི་འབྲེལ་ཡོད་ཡིག་ཆ་ལྔ་དཔར་ནས་བཀྲམ་སྟེ། གནད་དོན་ཕྱིར་ལྡོག་དང་གནད་དོན་ཐག་གཅོད་སོགས་ཀྱི་ཕྱོགས་ལ་བཀོད་སྒྲིག་བླང་བྱ་བཏོན་ནས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་རྨང་གཞི་ཇེ་བརྟན་དུ་བཏང་། ཁེ་ལས་ཀྱིས་གཅིག་བསྡུས་ཚུར་སྣང་བྱས་པའི་དངུལ་རྩའི་གནད་དོན་གཞིར་བཟུང་སྟེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དངུལ་རྩ་ཐག་གཅོད་རྐྱེན་སྲོལ་དང་དངུལ་རྩ་འདྲི་རྟོགས་ཀྱི་ལམ་ལུགས་བཙུགས། དངུལ་རྩའི་ལས་དོན་གྱི་ཆེད་སྦྱོང་འཛིན་གྲྭ་དང་དངུལ་རྩའི་དགོས་མཁོ་རིགས་བགར་ལྟེ་གནས་བཙུགས་ཏེ། དངུལ་རྩས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཆེད་དོན་སྐུལ་སྤེལ་གྲོས་ཚོགས་ཐེངས་གསུམ་བསྡུས་པ་དང་། ཞིང་ཆེན་ནང་ཁུལ་གྱི་དངུལ་རྩ་ལས་ཁུངས་ཀྱིས་ཆབ་སྲིད་ལངས་གནས་མཐོན་པོ་དང་། གཙོ་འགན་ལས་དོན་ལ་རྐང་འཛུགས་པར་སྣེ་ཁྲིད་བྱས་ཏེ། དངུལ་རྩའི་རྒྱབ་སྐྱོར་ཤུགས་ཚད་རྒྱུན་མཐུད་ངང་ཇེ་ཆེར་བཏང་།
མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དང་། དངུལ་ཁང་བཅུ་བདུན། ཉེན་སྲུང་ལས་རིགས་ཁ་ཤས་ཀྱིས་དངུལ་རྩ་ལས་ཁུངས་ཀྱི་སྐུལ་ཁྲིད་བྱ་བ་ལེགས་འགྲུབ་བྱས། ཟླ་བཞི་པའི་ཟླ་མཇུག་ཏུ། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁེ་ལས་ཁྲི་གཅིག་སྟོང་གཅིག་གིས་ཁྱིམ་ཚང་སྟོང་བདུན་བརྒྱད་བརྒྱ་དོན་གཉིས་དང་སྦྲེལ་མཐུད་ཐུབ་པ་དང་། ཁེ་ལས་དགུ་བརྒྱ་ལྔ་གསུམ་ལ་དངུལ་བུན་ཐེར་ཆེན་གཅིག་ཐེར་འབུམ་བདུན་དུང་ཕྱུར་དགུ་ཐོབ། དངུལ་རྩ་རིགས་བགར་ལྟེ་གནས་ཀྱིས་གནད་དོན་སྟོང་གཅིག་སོ་དྲུག་ལྷག་རིགས་བགར་བྱས།
དྲ་ཐོག་དང་ཡུལ་དངོས་མཐུན་སྦྱོར་གྱིས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དྲ་ཐོག་ནས་ཆ་འཕྲིན་སྟེགས་བུའི་ཕན་འབྲས་མཐོ་བའི་སྦྲེལ་མཐུན་དང་། ཡུལ་དངོས་ནས་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་རྒྱུན་རྣམ་ཅན་གྱི་སྦྲེལ་མཐུད་བྱ་བའི་ཇུས་གཞི་དཔར་ནས་བཀྲམ་སྟེ། ཁྱབ་ཁོངས་དབྱེ་བ་དང་ས་གནས་བགར་ནས་ཆེད་དོན་དངུལ་རྩ་སྦྲེལ་མཐུད་ཀྱི་བྱ་འགུལ་སྤེལ། ཚན་རྩན་དང་འགྲིམ་འགྲུལ་སོགས་སྡེ་ཁག་དང་། ཟི་ལིང་གྲོང་ཁྱེར་སོགས་ཀྱི་ས་ཁུལ་དང་མཉམ་དུ། རིམ་པ་དབྱེ་ཞིང་གཙོ་གནད་འཛིན་པ། བྱེད་ཐབས་མང་པོ་བཅས་ཀྱི་སྒོ་ནས་དངུལ་རྩ་སྦྲེལ་མཐུད་དང་སྲིད་ཇུས་སྒྲོག་འགྲེལ་གྱི་བྱ་འགུལ་ཐེངས་བཅུ་གསུམ་སྤེལ། ཞིང་ཆེན་ཡོངས་ཀྱི་དངུལ་རྩ་མ་ལག་གིས་དྲ་ཐོག་དང་ཡུལ་དངོས་ཀྱི་སྒྲོག་འགྲེལ་ཐེངས་བཞི་བརྒྱ་དང་རེ་དགུ་སྤེལ།