ཁྲེན་ཀང་གིས་མགོ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།
ཟླ6པའི་ཚེས2ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲེན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་བཀོད་སྒྲིག་གསར་པ་དང་རེ་བ་གསར་པར་གོ་བ་ཡང་དག་ལེན་པ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག ལེགས་བཅོས་ལྟ་ཞིབ་དང་འཕེལ་རྒྱས་མཉམ་བསྲེས་ལ་སྐུལ་འདེད་གཏོང་བ་བཅས་ཟུང་འབྲེལ་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པས་མི་སྣ་མངགས་ནས་གྲོས་ཚོགས་ལ་མཛུབ་སྟོན་བྱས་པ་དང་། ཞིང་ཆེན་གྱི་མགོ་ཁྲིད་ཝང་དབྱང་དང་ཀྲའོ་ཡུའེ་ཞ། ཀྲུའུ་ཞང་ཧྥིན། དབྱང་ཧྥིན་ཁྲུན། ལིའུ་ཏ་ཡེ་སོགས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་ཀྲུང་དབྱང་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་བཀོད་སྒྲིག་གསར་པ་དང་རེ་བ་གསར་པ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ཞིང་། ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས་བརྗོད་དོན་སློབ་གསོའི་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱས་ནས་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ་བའི་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཁྲེན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནི། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་གཞི་འཛིན་ས་གལ་ཆེན་ཡིན་པས། རྒྱུས་ལོན་ཟབ་མོ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བསམ་བློའི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་བ་དང་། བརྗོད་དོན་སློབ་གསོར་འཆར་འགོད་དང་རྩ་འཛུགས། སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། བྱ་སྤྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། དེ་དང་མཉམ་དུ། དེའི་ཁྲོད་འཇོག་པ་གསུམ་རྒྱུན་འཁྱོངས་བྱེད་པ་དང་། བསམ་པའི་རྣམ་པ་བཟང་བོ་དང་ཆབ་སྲིད་ཀྱི་བརྩེ་སེམས་ཆེན་པོས་བརྗོད་དོན་སློབ་གསོའི་ཁྲོད་ཞུགས་ནས། གཞུང་ལུགས་སློབ་སྦྱོང་ཆེན་པོ་དང་བསམ་བློའི་དྲག་ཆས་ཆེན་པོ། ཏང་གཤིས་སྦྱོང་བརྡར་ཆེན་པོ་དངོས་གནས་སྤེལ་དགོས།
ཁྲེན་ཀང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་ལག་ལེན་གྱི་འདྲེན་བྱེད་ལ་དམ་དུ་དམིགས་པ་དང་། རང་ཞིང་གི་བརྗོད་དོན་སློབ་གསོའི་ལས་འགན་སྣ་ཚོགས་བྱེ་བྲག་ཅན་དང་གནད་ཕིགས་ཅན། བར་ཁྱད་ཅན་དུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། གཞུང་ལུགས་སློབ་སྦྱོང་ཐད་ནས། མ་རྩོམ་ཀློག་པ་དང་མ་ཡིག་ཀློག་པ། རྩ་བའི་རིགས་པར་གོ་བ་ཟབ་མོ་ལེན་པ་དང་། ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་དམ་འཛིན་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཇི་མ་ཇི་བཞིན་དུ་དཔེ་དེབ་གཙོ་བོ་སློབ་སྦྱོང་བྱེད་པར་མུ་མཐུད་དུ་རྩ་འཛུགས་དང་སྣེ་ཁྲིད་བྱེད་པ་དང་། གཙོ་བོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རང་ས་ཁུལ་དང་རང་སྡེ་ཁག་དང་འབྲེལ་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་གཞི་བཏོན་པའི་ཟབ་དངོས་ཞིབ་དག་ཕན་བཅས་ཀྱི་ཡིག་འབྲུ་ལྔ་ལྟར། ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་དཔེ་ལྟ་བྱེད་པ་དང་། བརྟག་དཔྱད་གཅིག་འདོམས་ལ་ཤུགས་བསྣན་ནས། གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་གནད་དོན་ཡང་དག་འཚོལ་བ། དངོས་གཉེར་ཁག་ཁུར་སྒོས་ཐག་གཅོད་དགོས། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པའི་ཐད་ནས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རང་རྟོགས་སྒོས་ཚད་གཞིར་འཛིན་པ། གནད་དོན་གྱི་གསལ་ཁྲ་འཐུས་ཚང་དུ་གཏོང་བ། འགུལ་རྣམ་དོ་དམ་ལག་བསྟར་བྱས་ཏེ། གནད་དོན་རྙེད་ཚེ་དུས་ཐོག་ཏུ་བརྗེ་སྤོར་བྱེད་པ་དང་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱེད་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ། བྱ་བའི་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ཟབ་སྒྱུར་དང་ནང་སྒྱུར། ཚུལ་སྒྱུར་བྱེད་པ་བརྒྱུད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ཁྲེན་ཀང་གིས། བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་གིས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཏང་ཀྲུང་དབྱང་གི་དགོངས་པ་དང་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་རེ་བ་ལག་བསྟར་བྱེད་པ། གཅིག་འདོམས་ལ་ཤུགས་སྣོན་པ་དང་འགག་སྒོ་དམ་སྲུང་བྱེད་པ། འགན་འཁྲི་གཏན་ཁེལ་བྱེད་པ། རྗེས་འདེད་ལག་བསྟར་བྱེད་པའི་ཐད་ནས་རྒྱུན་མཐུད་ངང་ཤུགས་འདོན་པ། གཞུང་ལུགས་སློབ་སྦྱོང་གི་ཞིབ་དཔྱད་ཚད་ལེན་ཆེན་པོ་ཐེངས་གཅིག་རྩ་འཛུགས་བྱེད་པ། མགོ་ཁྲིད་གཞི་རིམ་དུ་འགྲོ་བའི་བྱ་འགུལ་ཐེངས་གཅིག་སྤེལ་བ། ལྟ་སྦྱོང་བརྗེ་རེས་ཐེངས་གཅིག་སྤེལ་བ། འབུར་ཐོན་གནད་དོན་སྐོར་ཞིག་འཐུས་ཚང་དུ་གཏོང་བ། དངོས་གཉེར་གོ་ཆོད་ཀྱི་བྱེད་ཐབས་སྐོར་ཞིག་ཕྱིར་འདོན་པ། དཔྱད་འཇོག་ཐེངས་གཅིག་སྤེལ་ནས། རང་ཞིང་གིས་བརྗོད་དོན་སློབ་གསོ་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
གྲོས་ཚོགས་སྔོན་དུ། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་སོགས་མགོ་ཁྲིད་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་དག་ཐེར་བཅོས་སྐྱོང་ཚན་ཆུང་དང་ཕྱོགས་བསྡུས་ཚན་ཆུང་། དྲིལ་སྒྲོག་ཚན་ཆུང་བཅས་ལ་སོང་ནས། ལས་བྱེད་མི་སྣར་འཚམས་འདྲི་བྱས་པ་དང་། ཚན་ཆུང་སོ་སོའི་འགན་འཁྲི་བགོ་བཤའ་དང་བྱ་བའི་སྤེལ་བའི་གནས་ཚུལ། བྱ་བ་སྒྲུབ་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས།