མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-06-06 09:48:52 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུའུ་ཡིས་བརྗོད་དོན་སློབ་གསོ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བ་མཉམ་བསྲེས་གཏིང་ཟབ་བྱས་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་དུས་རབས་གསར་པའི་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་ལ། བརྟག་དཔྱད་ཞིབ་འཇུག་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སློབ་སྦྱོང་གིས་དངོས་གཉེར་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ཤུགས་བསྣན།

གྲོང་གསེབ་དར་སྤེལ་ཅུའུ་ཡིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་ཉེར་ལྔ་གཙིགས་སུ་བཟུང་ནས། ལོ་ཧྲིལ་བོའི་བརྒྱ་ཆའི་དྲུག་ཅུའི་ཡན་གྱི་ནོར་སྲིད་སྦྲེལ་མཐུད་མ་དངུལ་དང་བརྒྱ་ཆའི་བདུན་ཅུའི་ཡན་གྱི་ཤར་ནུབ་རྒྱུད་མཉམ་ལས་ཀྱི་མ་དངུལ་དེ་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་བ་དང་། མི་འདང་ས་ཁ་གསབ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་གཞི་སྐོར་ཞིག་ལག་བསྟར་བྱས། རྒྱལ་ཁབ་ཀྱི་གཙོ་གནད་རྫོང་བཅོ་ལྔ་དང་ཅང་སུའུ་ཡི་འབྲེལ་ཡོད་ས་ཁུལ་བར་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་པ་དང་། ཚན་རྩལ་ཆེད་མངག་ཚོགས་པ་བཅོ་ལྔ་དང་སློབ་གསོ་སྨན་བཅོས་ཀྱི་ཚོགས་སྒྲིག་རང་བཞིན་གྱི་རོགས་སྐྱོར་དཔུང་སྡེ་ཉེར་གསུམ་མངག་གཏོང་བྱས་ཏེ་བྱ་བ་སྤེལ་ནས། གཙོ་གནད་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོའི་སྲ་བསྒྱུར་ཚད་བརྒྱ་ཆའི་གོ་བདུན་ལྷག་ལ་སླེབས་པ་དང་། ཆུ་འདོན་འགན་སྲུང་ཚད་བརྒྱ་ཆའི་གོ་ལྔ་ལྷག་ལ་སླེབས་ཤིང་། དབུལ་ཐར་མང་ཚོགས་ཀྱི་བདེ་འཇགས་སྡོད་ཁང་འགན་སྲུང་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ལ། ལྟ་ཞིབ་བྱེད་ཡུལ་དང་དབུལ་ཐར་མང་ཚོགས་ཀྱི་ཞག་སྡོད་སྨན་བཅོས་གྱི་སྨན་རིན་རྩིས་ཞུའི་བསྡུར་ཚད་སོ་སོར་བརྒྱ་ཆའི་དགུ་བཅུ་དང་བརྒྱད་ཅུ་རུ་སླེབས་པ་དང་། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་བཏང་། ཤར་ནུབ་རྒྱུད་མཉམ་ལས་དང་གནས་གཏན་ཁེལ་གྱི་རོགས་སྐྱོར་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་བཀོད་སྒྲིག་རེ་བ་ལག་བསྟར་བྱས་པ་དང་། ཅང་སུའུ་དང་མཚོ་སྔོན་གྱི་རོགས་སྐྱོར་མ་དངུལ་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་ས་ཡ་དགུ་དངོས་འབེབས་བྱས་ལ། ཐོན་ལས་རོགས་སྐྱོར་དང་ངལ་རྩོལ་མཉམ་ལས། འཇོན་མིའི་བརྗེ་རེས། འཛད་སྤྱོད་རོགས་སྐྱོར་སོགས་བྱ་བ་རྒྱུན་མཐུད་ངང་སྤེལ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུའུ་ཞི་པུའུ་གྲོང་རྡལ་བ་མོ་གསོ་སྤེལ་རྟེན་གཞི་དང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་མུའུ་ཁྲིའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་སོགས་སྣེ་ཁྲིད་ཕན་འབྲས་བཟང་བ་དང་མང་ཚོགས་ལ་ཕན་འདོགས་པའི་ལས་གཞི་བཟང་བོ་སྐོར་ཞིག་འཛུགས་སྐྲུན་བྱས།

དེ་དང་མཉམ་དུ། དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བྱས་པ་དང་། སྦྲེལ་མཐུད་མ་དངུལ་གྱི་བརྒྱ་ཆའི་དྲུག་ཅུའི་ཡན་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་བཀོལ་ལ། ཞིང་ཆེན་ཡོངས་ཀྱི་ཚད་ལྡན་ཅན་གྱི་ནོར་གནག་བོད་ལུག་གསོ་སྤེལ་རྟེན་གཞི་བརྒྱ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་གྱི་གཙོ་གནད་སྡེ་བ་ཉིས་བརྒྱ་དང་བཅུ་གསུམ་ལས་བརྒལ་བ་དང་། དབུལ་ཐར་སྡེ་བའི་ཉི་འོད་ནུས་པའི་ཐོན་ལས་ཀྱི་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས་སྒོར་འབུམ་གསུམ་ཡན་ལ་སླེབས་ནས། ངལ་རྩོལ་ནུས་པ་ལྡན་པའི་དབུལ་ཐར་མང་ཚོགས་ཡོངས་ལ་ཐོན་ལས་ཡོང་འཕར་གྱི་ལས་གཞི་ཡོད་པ་མངོན་འགྱུར་བྱས། སྦྲང་ཆར་འཆར་གཞིའི་ལས་ཞུགས་སྐུལ་འདེད་བྱ་སྤྱོད་སྤེལ་བ་དང་། གྲོང་གསེབ་ཀྱི་ལག་ཤེས་པ་སྐྱེད་སྲིང་བྱས་ལ། དབུལ་ཐར་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་བྱེད་པར་རོགས་བྱས། ད་ལོའི་ཚུན་དུ། དབུལ་ཐར་མི་གྲངས་དང་ལྟ་ཞིབ་བྱེད་ཡུལ་འབུམ་གཉིས་དང་ཁྲི་གཅིག་སྟོང་བཞི་ཡིས་ལས་ཞུགས་བྱེད་ཐུབ་པར་བྱས་པ་དང་། རྒྱལ་ཁབ་ཀྱིས་བཞག་པའི་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་བཅུ་དགུ་ལྷག་ཡོངས་འགྲུབ་བྱས། དེའི་ཁྲོད། ངལ་རྩོལ་ནུས་པ་ཡོད་པའི་གནས་སྤོར་ཁྱིམ་ཚང་ཁྲི་གཉིས་དང་སྟོང་བརྒྱད་ཀྱི་མི་ཁྲི་བཞི་དང་སྟོང་ལྔས་ལས་ཞུགས་བྱས་པ་དང་། ཆ་སྙོམས་ཀྱིས་ཁྱིམ་ཚང་རེའི་མི་གཅིག་གིས་ལས་ཞུགས་བྱེད་པའི་དམིགས་འབེན་ཚད་ལས་བརྒལ་ནས་ཡོངས་འགྲུབ་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།