ཟླ6པའི་ཚེས4ཉིན། ཧྲིན་ཀྲང་། ཞིང་ཆེན་སྲིད་གཞུང་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་ཡང་དག་པའི་སྒོ་ནས་གོ་བ་ལེན་པ་དང་ཆ་ཚང་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ། དགོས་མཁོའི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས། ལག་ལེན་གྱི་ཁྲིད་ཕྱོགས་བཅས་འབུར་དུ་ཐོན་པར་བྱེད་པ་དང་། ལངས་གནས་སྔར་ལས་མཐོན་པོ་དང་ཚད་གཞི་སྔར་ལས་མཐོན་པོ། བྱེད་ཐབས་སྔར་ལས་ནན་མོ་བཅས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཟབ་ནན་དང་ཏན་ཏིག་གིས་སྤེལ་བ་དང་། ལག་བསྟར་བྱས་ཏེ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་བརྗོད་དོན་སློབ་གསོ་དམ་འཛིན་བཟང་བོ་བྱེད་པ་དང་། བརྗོད་དོན་སློབ་གསོ་གཟབ་ནན་དང་ཏན་ཏིག་གིས་སྤེལ་བར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པས། ངེས་པར་དུ་དེ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། ཇི་མ་ཇི་བཞིན་དུ་ལག་བསྟར་བཟང་བོ་བྱས་ཏེ། ཆབ་སྲིད་ཀྱི་གོ་རྟོགས་དང་ཆབ་སྲིད་ཀྱི་ཁག་ཁུར་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་སྟེ། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ། ཆབ་སྲིད་ཀྱི་ནུས་པ་དང་བསམ་གཞིགས་ཀྱི་ནུས་པ། ལག་ལེན་གྱི་ནུས་པ་བཅས་མཐོར་འདེགས་གཏོང་བར་དམིགས་ནས། ཟབ་སྒྱུར་དང་ནང་སྒྱུར་དང་སྤོ་སྒྱུར་བཅས་ཀྱི་བྱ་བ་བསྟུད་མར་བཟང་བོར་སྒྲུབ་པ་དང་། གཟབ་ནན་དང་གཏིང་ཟབ་ཀྱི་ཐད་དུ་འབད་བརྩོན་བྱས་ཏེ། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོང་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཐད་ཕན་འབྲས་ངོ་མ་ཐོབ་པར་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྲིད་གཞུང་བྱ་བའི་དོན་དངོས་དང་སྦྲེལ་ནས། གཞུང་ལུགས་སློབ་སྦྱོང་གི་ཐད་དུ་གཟབ་ནན་དང་གཏིང་ཟབ། ལག་བསྟར་དང་ཕན་འབྲས་ལེན་པ་བཅས་བྱེད་དགོས་ཏེ། ཏན་ཏན་ཏིག་ཏིག་གིས་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། རྩ་བའི་རིགས་པ་རྟོགས་པར་བྱེད་པ། ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་དཔེ་དེབ་ཞིབ་མོར་ཀློག་པ། ཆེད་དམིགས་སློབ་སྦྱོང་བགྲོ་གླེང་གཏིང་ཟབ་ཏུ་སྤེལ་བ། སྣེ་ཁྲིད་དེ་ཆེད་དོན་ཏང་གི་སློབ་ཁྲིད་དང་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱེད་པ། སློབ་སྦྱོང་གི་ཆ་ཚང་རང་བཞིན་དང་མ་ལག་རང་བཞིན། དངོས་ཕན་རང་བཞིན་བཅས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཟབ་སྦྱོང་མཐིལ་རྟོགས་དང་ཟུང་སྦྲེལ་བྱང་ཆུབ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གི་ཐད་དུ་གཟབ་ནན་དང་གཏིང་ཟབ། ལག་བསྟར་དང་ཕན་འབྲས་ལེན་པ་བཅས་བྱེད་དགོས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཟབ་རྣལ་ཞིབ་གནད་ཕན་བཅས་བརྟག་དཔྱད་ཞིབ་འཇུག་གི་ཡིག་འབྲུ་ལྔའི་ཐབས་ཇུས་དང་ཕུའུ་ཅང་ཉམས་མྱོང་བཟང་བོར་བཀོལ་ནས། བརྟག་དཔྱད་ཀྱི་གཙོ་གནད་ཡང་དག་པར་འཚོལ་བ་དང་། བརྟག་དཔྱད་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་གི་གཅིག་འདོམས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཟབ་ཚད་ཡོད་པ་དང་རིན་ཐང་ལྡན་པ། ཕན་འབྲས་ཡོད་པ་བཅས་ཀྱི་བརྟག་དཔྱད་ཞིབ་འཇུག་ཧུར་ཐག་གིས་སྤེལ་བ་དང་། བརྟག་དཔྱད་ཞིབ་འཇུག་གི་ཕན་འབྲས་སྒྱུར་སྤྱོད་བྱེད་རྒྱུ་དམ་འཛིན་བཟང་བོ་བྱས་ཏེ། གནས་ཚུལ་ངོ་མར་རྒྱུས་ལོན་གསལ་བོ་བྱེད་པ་དང་ཐག་གཅོད་བྱེད་ཐབས་འདོན་དགོས། ཞིབ་བཤེར་དག་ཐེར་གྱི་ཐད་དུ་གཟབ་ནན་དང་གཏིང་ཟབ། ལག་བསྟར་དང་ཕན་འབྲས་ལེན་པ་བཅས་བྱེད་དགོས་ཏེ། བརྟག་དཔྱད་ཞིབ་འཇུག་ལས་རྙེད་པའི་གནད་དོན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འཕྲད་པའི་གནད་དོན། མང་ཚོགས་བསམ་འཆར་ཆེ་བའི་གནད་དོན་བཅས་གཏིང་ཟབ་ཅིང་ཆ་ཚང་བར་གསལ་བཀྲོལ་བྱེད་པ་དང་། གནད་དོན་གྱི་གསལ་ཁྲ་འགུལ་རྣམ་གསར་སྒྱུར་བྱེད་པ། གནད་དོན་རེ་རེ་དང་དོན་དག་རེ་རེ་དག་ཐེར་བྱེད་རྒྱུ་དམ་འཛིན་བཟང་བོ་བྱེད་པ། དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་རྒྱུན་སྲིང་ངང་ཟབ་མོར་སྤེལ་བ་བཅས་བྱས་ཏེ། བྱེད་ཐབས་ནན་མོ་སྤྱད་དེ་ཞིབ་བཤེར་དང་དག་ཐེར་ངོ་མ་བྱེད་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དུ་གཟབ་ནན་དང་གཏིང་ཟབ། ལག་བསྟར་དང་ཕན་འབྲས་ལེན་པ་བཅས་བྱེད་དགོས་ཏེ། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། ཉེན་ཁ་ཆེན་པོ་འགོག་སེལ་བྱེད་པ་བཅས་བྱས་ནས། དོན་དངོས་དང་མཐུན་ཞིང་སྤྱོད་གོ་ཆོད་པའི་བྱེད་ཐབས་སྐོར་ཞིག་བཏོན་ཏེ། དཀའ་གནད་སེལ་ནས་འཕེལ་རྒྱས་ལ་སྐུལ་བ་དང་། དོན་དངོས་སྒྲུབ་སྟེ་མང་ཚོགས་ཀྱི་སེམས་ཁྲལ་སེལ་བའི་ཕན་འབྲས་གསར་པས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་དགོས།
ཝང་ལིན་ཧུའུ་དང་ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧུང་ཡ། ཧི་ལུའུ་ཁྲུན། ཝང་ཧེ་ཧུང་སོགས་གྲོས་ཚོགས་ལ་ཞུགས།