མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་རྩིས་བཤེར་ཐིང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-06-06 09:48:52 

ཉེ་སྔོན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིང་ནས་རྒྱུས་ལོན་པ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིན་གྱིས་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་རྒྱུ་དེ་དཀའ་གནད་སེལ་བ་དང་རྩིས་བཤེར་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིང་གི2023ལོའི་བརྟག་དཔྱད་ཞིབ་འཇུག་བྱ་བའི་ཇུས་གཞི་དཔར་ནས་བཀྲམས་པ་དང་། བརྟག་དཔྱད་ཀྱི་ནང་དོན་གཙོ་བོ་གསུམ་དང་ཆེད་དམིགས་བརྟག་དཔྱད་བྱ་གཞི་ལྔ་གཏན་འཁེལ་གསལ་པོ་བྱས་ཤིང་། མགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་པ་དང་། མི་སྣ་ཡོངས་ཟབ་ཞུགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་སྤེལ་ནས། བརྗོད་དོན་སློབ་གསོ་གཟབ་ནན་དང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཞིང་ཆེན་རྩིས་བཤེར་ཐིང་གིས་རྩིས་བཤེར་ལས་ཁུངས་ནི་ཐོག་མར་ཆབ་སྲིད་ལས་ཁུངས་ཡིན་པའི་ངེས་གནས་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཛུབ་སྟོན་དང་བླང་བྱ་གལ་ཆེན་དང་། ཏང་ཀྲུང་དབྱང་གི་རྩིས་བཤེར་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྩིས་བཤེར་ཧྲུའུ་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ལྷག་བསམ་རྣམ་དག་གིས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པ་དེ་དངོས་སུ་རྩིས་བཤེར་བྱ་བའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱས། དོན་དག་གལ་ཆེན་ཡར་ཞུའི་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་། རྩིས་བཤེར་གནས་ཚུལ་གལ་ཆེན་དང་རྩིས་བཤེར་མཇུག་འབྲས་གལ་ཆེན། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གལ་ཆེན་གྱི་ཁུངས་སྣེ་དང་ཐག་གཅོད་བསམ་འཆར་སོགས་བརྒྱུད་རིམ་ལྟར་ཡར་ཞུ་དང་སྙན་ཞུ་བྱས་ཏེ། བྱ་བ་སྣ་ཚོགས་མཉམ་དུ་སྤེལ་བ་དང་གོམ་སྟབས་གཅིག་གྱུར་ཡོང་བར་ཁག་ཐེག་བྱས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྩིས་བཤེར་བྱ་བར་བཏོན་པའི་བླང་བྱ་གསར་པ་དང་ལས་འགན་གསར་པར་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ། རྩིས་བཤེར་སྟོབས་ཤུགས་དང་རྩིས་བཤེར་ཐོན་ཁུངས། རྩིས་བཤེར་རྒྱུ་སྤུས། རྩིས་བཤེར་དོ་དམ། རྩིས་བཤེར་ཉེན་ཁ་སོགས་ཀྱི་ཕྱོགས་བསྡུས་རྒྱུ་རྐྱེན་ལ་བསམ་གཞིགས་ལེགས་པོ་བཏང་བ་དང་། དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་རྐང་བཙུགས་ཏེ། ཞིབ་འཇུག་རྣམ་པའི་རྩིས་བཤེར་གཏིང་ཟབ་ཏུ་སྤེལ་ལ། ནོར་སྲིད་ནོར་དོན་གྱི་ཡོང་སྒོ་དང་འགྲོ་སོང་ལ་ཁྲིམས་མཐུན་གྱི་རྩིས་བཤེར་བྱེད་པའི་འགན་འཁྲི་དང་ལས་ཀ་གཙོ་བོར་དམིགས་ཏེ། དམངས་ཚིས་དང་སྐྱེ་ཁམས། གྲོང་གསེབ་དར་སྤེལ། སྲིད་ཇུས་གལ་ཆེན་དོན་འཁྱོལ། དབང་ཆ་ཚད་ལྡན་སྒོས་བཀོལ་བ་སོགས་ཀྱི་ཐད་དུ་རྩིས་བཤེར་བྱ་བ་གཟབ་ནན་གྱིས་སྒྲུབ་སྟེ། རྩིས་བཤེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དུ་ཐོན་པའི་ལྟ་སྐུལ་དང་ཞབས་ཞུ། འགན་སྲུང་བཅས་ཀྱི་ནུས་པ་སྔར་ལས་ལེགས་པར་བཏོན། གནད་དོན་ཡོད་ཀྱང་མ་ཤེས་ན་འགན་ཤོར་ཡིན་པ་དང་གནད་དོན་ཤེས་ཀྱང་སྙན་ཞུ་མ་བྱས་ན་འགན་འཛོལ་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ནས། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་གསལ་འབྱིན་བྱས་ཏེ། རྩིས་བཤེར་གྱིས་དཔལ་འབྱོར་ཁྱབ་ཁོངས་ཀྱི་རུལ་རྒོལ་ཟིང་བཅོས་ཁྲོད་དུ་ཐོན་པའི་ནུས་པ་གལ་ཆེན་ལེགས་པར་བཏོན།

རྩིས་བཤེར་ལས་རྙེད་པའི་གནད་དོན་དག་ཐེར་གྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་ལམ་ལུགས་དང་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ། རྗེས་སྙེག་ལྟ་ཞིབ་ཀྱི་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ལ། གསལ་ཁྲ་ཅན་གྱི་དོ་དམ་དང་ལས་གཞི་ཅན་གྱི་སྐུལ་སྤེལ། རེའུ་མིག་ཅན་གྱི་དོན་འཁྱོལ་བཅས་ལག་བསྟར་བྱས་ཤིང་། ཕྱིར་མིག་ལྟ་བ་དང་རྩིས་བཤེར་བྱེད་ཞོར་དུ་ལེགས་བཅོས་བྱེད་པ། རྗེས་སྙེག་ལྟ་ཞིབ། ཆེད་དམིགས་ལྟ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རྩིས་བཤེར་དག་ཐེར་དེ་རྩིས་བཤེར་བྱ་བའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།