མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཚོང་འགུག་ཅུའུ་སྡེ་ཚོགས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-06-06 09:48:52 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཚོང་འགུག་ཅུའུ་སྡེ་ཚོགས་ཀྱིས་འགྲིམ་འགྲུལ་དངོས་རྒྱུག་སོགས་གཙོ་གནད་ལས་སྒོའི་ཁྱབ་ཁོངས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་བཏང་བ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཚོང་འགུག་ཅུའུ་སྡེ་ཚོགས་ཀྱིས རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ནས་དཔེ་ཀློག་འཛིན་གྲྭ་དང་ཐུན་མོང་གསོ་སྦྱོང་། ཆེད་དོན་བགྲོ་གླེང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དམ་འཛིན་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་ནང་དོན་དྲུག་བརྒྱ་ལྔ་བཅུ་ལྷག་གི་གནད་དོན་གསལ་ཁྲ་དང་། འགན་འཁྲིའི་གསལ་ཁྲ། ལས་འགན་གསལ་ཁྲ་བཅས་ལེགས་སྒྲིག་བྱས་པ་དང་། རིམ་པ་དང་རིགས་བགོས་ནས་རྟོག་ཞིབ་ཚན་ཆུང་བཙུགས་ཏེ་འཐབ་ཕྱོགས་དང་པོར་སོང་ནས་གནས་ཚུལ་ངོ་མར་ཞིབ་བཤེར་གསལ་བོ་བྱས་པ་དང་བྱེད་ཐབས་དངོས་བཏོན།

ད་ལོར་རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཇེ་མགྱོགས་སུ་ཕྱིན་པས། མཚོ་ཐོག་དངོས་རྒྱུག་གྱི་ཁེ་ལས་གལ་ཆེན་ཞིག་ཡིན་པའི་ཆ་ནས་ཚོང་འགུག་ཅུའུ་སྡེ་ཚོགས་ཀྱིས་རྟོག་ཞིབ་ཚན་ཆུང་མང་པོ་བཙུགས་ཏེ་གྲུ་ཁའི་འབོག་འཇུག་བྱ་ཡུལ་དང་། རླངས་འཁོར་ཁེ་ལས་ཀྱི་ཚོང་མགྲོན། གྲུ་གཟིངས་བཟོ་སྐྲུན་རྟེན་གཞི་སོགས་སུ་སོང་ནས་བཅར་འདྲི་དང་རྟོག་ཞིབ་བྱས་པ་དང་། བརྗོད་དོན་སློབ་གསོའི་ནང་དོན་གྱིས་ལག་ལེན་ལ་མཛུབ་ཁྲིད་བྱས།

གོམ་སྟབས་རྗེས་མར་ཚོང་འགུག་ཅུའུ་སྡེ་ཚོགས་ཀྱིས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ནས་གནད་དོན་གྱི་ཁྲིད་ཕྱོགས་འབུར་ཐོན་ཡོང་བར་བྱེད་པ་དང་། རྟོག་ཞིབ་བྱེད་ཞོར་ལས་དོན་ལེགས་སྒྱུར་བྱེད་པ། “འགྲིམ་འགྲུལ་ཆེན་མོ་དང་དངོས་རྒྱུག་ཆེན་མོར”བརྟེན་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྔར་ལས་ཞབས་འདེགས་ཞུ་རྒྱུ་རེད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།