པར་རིས་འགྲེམ་སྟོན་དང་། ཡུལ་དངོས་འགྲེལ་བཤད་ཀྱི་བྱེད་ཐབས་སྤྱད་དེ། རྒྱལ་ཡོངས་མཐོ་རིམ་སློབ་ཆེན་ལྔའི་ཏང་ཀྲི་པུའུ་ཡི་མ་དཔེ་དང་། སློབ་གྲྭའི་ཏང་འཛུགས་དང་འཇོན་མི་གསོ་སྐྱོང་རྣམ་གྲངས། ཚད་ཤིང་སློབ་གླིང་། ཚད་གཞིའི་ཀྲི་པུའུ། དར་དམར་ཀྲི་པུའུ་སོགས་ཀྱི་ཉམས་མྱོང་དང་། སྒྲུབ་སྟངས། གྲུབ་འབྲས་བཅས་ལ་གཅིག་བསྡུས་ལྟ་ཞིབ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐོ་རིམ་སློབ་གྲྭའི་ཏང་འཛུགས་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་བྱས། སྐོར་དང་པོའི་ཏང་འཛུགས་དང་འཇོན་མིའི་གསོ་སྐྱོང་རྣམ་གྲངས། ཏང་འཛུགས་བྱ་བའི་ཚད་ཤིང་སློབ་གླིང་། ཚད་གཞིའི་ཀྲི་པུའུ། དར་དམར་ཀྲི་པུའུ་བཅས་ཀྱི་གྲུབ་འབྲས་དང་། སྐོར་ཁག་གཉིས་པའི་གསོ་སྐྱོང་འཛུགས་སྐྲུན་སྡེ་ཚན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་བྱེད་ཐབས་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་བཏང་།
ཏང་འཛུགས་དང་འཇོན་མི་གསོ་སྐྱོང་བྱ་བ་སྤེལ་བ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཏང་འཛུགས་བྱ་བར་ཤུགས་སྣོན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བ། ཁྱད་ལྡན་ཚོང་རྟགས་བསྐྲུན་པའི་གཞི་རྩའི་བྱེད་ཐབས་ཤིག་ཀྱང་རེད། རྒྱུས་ལོན་པ་ལྟར་ན། ལོ་གཉིས་ཀྱི་གསོ་སྐྱོང་བརྒྱུད། གསར་བཙུགས་སྡེ་ཚན་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་སྟེང་ཚད་མཐོའི་མཐོང་ཆེན་དང་། བསམ་ཕྱོགས་ཐད་བརྗོད་དོན་དང་དམ་པོར་སྦྲེལ་བ། བྱ་བའི་སྟེང་མཉམ་སྲེས་མཉམ་འབྲེལ་བྱེད་པ། མཇུག་འབྲས་སྟེང་དངོས་འབྲས་བརྩོན་ལེན་བྱས་ནས། གྲུབ་འབྲས་བཟང་པོ་རབ་དང་རིམ་པ་བླངས་པ་དང་། ཏང་འཛུགས་ཀྱི་སྣེ་ཁྲིད་དང་དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ལ། སློབ་གྲྭའི་གཞི་རིམ་ཏང་འཛུགས་བྱ་བ་ཕྱོགས་ཡོངས་ནས་སྔོན་ཐོན་གྲས་སུ་ཚུད་པར་སྐུལ་འདེད་ནུས་ལྡན་བཏང་།
མཚོ་སྔོན་མི་རིགས་སློབ་ཆེན་གྱིས་བརྗོད་དོན་སློབ་གསོ་བྱ་བའི་དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་འཛིན། བྱས་རྗེས་འཇོག་ཅེས་པའི་སྤྱིའི་བླང་བྱར་དམིགས་ཏེ། སློབ་སྦྱོང་གི་གྲུབ་འབྲས་ཏེ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བར་བྱས་ལ། ཏང་འཛུགས་དང་སློབ་གྲྭའི་ལས་དོན་སོ་སོ་མཉམ་སྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་། འབུམ་རམས་ས་ཚིགས་ཀྱི་ཡིག་ཐོག་སྙན་ཞུ། རིག་ཚན་འཛུགས་སྐྲུན་དང་ཚན་རིག་ཞིབ་འཇུག ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་དཔེ་མཚོན་སྡེ་ཚན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གཙོ་གནད་བྱ་བ་དམ་འཛིན་བྱས་ཏེ། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་འབད་པ་ཆེན་པོས་མཐོ་རུ་བཏང་། ཏང་འཛུགས་བྱ་བའི་ལས་རྟེགས་བསྐྲུན་ནས་ཏང་འཛུགས་རྣམ་གྲངས་དངོས་སྒྲུབ་གཏིང་ཟབ་བྱས་ལ། དཔེ་མཚོན་ཉམས་མྱོང་དང་སྒྲུབ་སྟངས་ལ་དཔེ་ལྟ་བྱེད་པ། སློབ་གྲྭའི་ཏང་འཛུགས་བྱ་བའི་སྤུས་འདེགས་ཕན་འབྲས་འཕར་བར་སྤྱི་ཕྱོགས་ནས་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་སློབ་གྲུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས།