ཟླ5པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་དངུལ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་དངུལ་ཁང་གིས་དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་བསྟར་འཛིན། བྱས་རྗེས་བསྐྲུན་ཞེས་པའི་སྤྱིའི་བླང་བྱར་དམ་པོར་དམིགས་པ་དང་། དམ་འཛིན་ཞིབ་ཕྲ་དང་གོང་གིས་འོག་ལ་སྣེ་ཁྲིད། དག་སྲུང་གསར་སྐྲུན་བཅས་རྒྱུན་འཁྱོངས་བྱས་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་།
དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིས་ཚན་གཙོའི་འགན་ཁུར་བའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ་འོག་ཏུ་གཞུང་སྒྲུབ་ཁང་དང་ནང་དུ་ཕྱོགས་བསྡུས་ཚན་ཆུང་དང་དྲིལ་སྒྲོག་ཚན་ཆུང་། དག་ཐེར་ལེགས་བཅོས་ཚན་ཆུང་བཅས་བཙུགས། དངུལ་ཁང་གི་འགོ་གཙོས་ཚན་གཙོའི་འགན་ཁུར་བའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་དྲུག་བཙུགས་ཏེ་མི་ཉུང་ཤས་དང་ཁ་བརྡ་བྱེད་པ་དང་སྐབས་བསྟུན་འཐེན་བཤེར་བྱེད་པ། བརྟག་དཔྱད་ཞིབ་འཇུག་དང་བཅར་གླེང་བྱེད་པ། ཁ་པར་མཛུབ་སྟོན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་དངུལ་ཁང་ཡོངས་ཀྱི་ཏང་ཀྲི་པུའུ་ཉེར་དགུས་བརྗོད་དོན་སློབ་གསོ་ནན་མོར་སྤེལ་བར་སྐོར་ཞིབ་མཛུབ་སྟོན་བྱས། བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་དང་བརྟག་དཔྱད་ཞིབ་འཇུག་བྱ་བའི་ཇུས་གཞི། དཔེ་ཀློག་འཛིན་གྲྭའི་ཇུས་གཞི་བཅས་ཞིབ་འཇུག་གཏན་འབེབས་བྱས་ཏེ་གྲོས་ཚོགས་དང་སྒྲུབ་བཤེར། གཟར་འཁོར་ཚགས་པར། ཡིག་ཚགས་དོ་དམ་བཅས་བྱ་བའི་ནང་རྐྱེན་བཞི་བཙུགས་པ་དང་། བརྗོད་དོན་སློབ་གསོའི་ལས་འགན་གཙོ་བོའི་རྩིས་ཁྲ་བཙུགས་ཏེ་ཅི་ཞིག་བསྒྲུབ་པ་དང་ཇི་ལྟར་བསྒྲུབ་པ། སུས་བསྒྲུབ་པ་བཅས་གཏན་འཁེལ་གསལ་པོ་བྱས།
ཞིང་ཆེན་ཏང་ཨུས་གཏན་འབེབས་བྱས་པའི་བརྟག་དཔྱད་ཞིབ་འཇུག་བྱ་བའི་གཙོ་གནད་ལ་དམིགས་པ་དང་བྱ་བ་དངོས་དང་ཟུང་འབྲེལ་དམ་པོ་བྱས་པར་མ་ཟད། ཏང་འཛུགས་དང་བདག་གཉེར་མཉམ་བསྲེས་དང་དངུལ་ཁང་ཡོངས་ཀྱི་འཐབ་ཇུས་འཆར་འགོད། བདག་གཉེར་ཚུལ་སྒྱུར་འཕེལ་རྒྱས། དངུལ་རྩའི་ཉེན་ཁ་འགོག་སྡོམ། ལས་བཟོ་བའི་བྲེལ་དཀའ་ཁྲལ་སྒུག་དང་དངུལ་རྩའི་འཛད་སྤྱོད་པ་དག་གི་དགོས་མཁོ་སོགས་ཕྱོགས་ཀྱི་དཀའ་གནད་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་ཁ་ཕྱོགས་བཞི་བཅུ་གཏན་འཁེལ་བྱས་པ་དང་། དངུལ་ཁང་ཏང་ཨུའི་ཨུ་ཡོན་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རེ་རེས་ཞིབ་འཇུག་བྱ་གཞི་གཅིག་བདམས་ནས་བརྟག་དཔྱད་ཞིབ་འཇུག་བྱ་བ་སྤེལ། ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་ནས་བཟུང་། འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཧ་ཨར་པེན་དངུལ་ཁང་དང་ཀྲིན་ཀྲིག་དངུལ་ཁང་སོགས་ལས་རིགས་གཅིག་པའི་ལས་ཁུངས་དྲུག་དུ་སོང་ནས་དངུལ་རྩའི་ཐོན་རྫས་གསར་སྐྲུན་དང་། ཏང་འཛུགས་དང་བདག་གཉེར་མཉམ་བསྲེས་སོགས་བྱ་བའི་ཐད་ནས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱས། ཁེ་ལས་གླིང་ཁུལ་དུ་སོང་ནས་དངུལ་རྩས་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་བྱ་བར་ཐོན་པའི་གྲུབ་འབྲས་ལ་རྒྱུས་ལོན་བྱས་ཏེ་དངུལ་རྩའི་དགོས་མཁོ་དང་དཀའ་གནད་དངོས་འདྲི་རྩད་བྱས།
དངུལ་ཁང་ཏང་ཨུས་རང་རྟོགས་ཀྱིས་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་བརྒྱད་པ་དང་བརྗེ་རེས་སྙན་ཞུ་བྱེད་པར་ཤུགས་བསྣན་ནས་བརྗོད་དོན་སློབ་གསོའི་བཀོད་སྒྲིག་སོ་སོ་བླང་བྱ་དང་མཐུན་པ་དང་དོན་དངོས་དང་འཚམ་པ། དུས་ལྟར་མངོན་འགྱུར་བྱེད་པར་འགན་སྲུང་བྱས། ངེས་ཀློག་དཔེ་ཆ་དང་འདེམས་ཀློག་དཔེ་ཆར་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པའི་རྨང་གཞིའི་སྟེང་དངུལ་རྩའི་ཁེ་ལས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་པ་དང་། མཚོ་སྔོན་དངུལ་ཁང་གི་དོན་དངོས་ཟུང་འབྲེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་དང་དཔལ་འབྱོར་དངུལ་རྩའི་བྱ་བ། མཚོ་སྔོན་བྱ་བ་བཅས་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས།