མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཚྭ་མཚོ་ཀུང་སིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-05-29 16:43:18 

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་ཏང་ཨུས་བརྗོད་དོན་སློབ་གསོ་སྤེལ་བ་དང་དཀྱིལ་སྙིང་བྱ་བར་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱས་ཏེ། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་སྤྲོ་སེམས་དེ་བྱ་བའི་སྤྲོ་སེམས་དུ་བསྒྱུར་བ་དང་། མཁྲེགས་གཏོར་དཀའ་སེལ་དང་ལས་སྒྲུབ་ལས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བར་སྐུལ་འདེད་བཏང་ནས། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས།

བརྗོད་དོན་སློབ་གསོའི་རྨང་གཞི་བརྟན་པོར་བཟོ་ཆེད། ཚྭ་མཚོ་མ་རྐང་ཚད་ཡོད་ཀུང་སིས་བརྗོད་དོན་སློབ་གསོ་དངོས་འབེབས་ནན་མོ་བྱེད་པའི་འབྲེལ་ཡོད་སློབ་སྦྱོང་དང་། བྱ་བའི་ཇུས་གཞི་གཏན་འབེབས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་སློབ་སྦྱོང་དོན་འཁྱོལ་དང་དངོས་བཀོལ་གཟབ་ནན་བྱེད་པར་སྐུལ་འདེད་བཏང་ལ། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་བཏང་། ཀྲི་པུའུ་གཅིག་སྡུས་ཀྱིས་བཙན་རྫོང་ཇེ་བརྟན་དུ་གཏོང་བ་དང་ཏང་འཛུགས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། རང་ཉིད་ཀྱི་ལས་གནས་ལ་རང་གིས་འགན་ཁུར་བ།  ཁེ་ལས་ལ་བྱས་རྗེས་འཇོག་པ་སོགས་ཀྱི་ལག་ལེན་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། ཏང་ཡོན་ལས་བྱེད་པས་མགོ་རྩོམ་ས་གསར་པར་རྐང་འཛུགས་པ་དང་། རྣམ་པ་གསར་པ་མངོན་པར་བྱེད་པ། དུས་རབས་གསར་པར་བྱས་རྗེས་འཇོག་པ་བཅས་ལ་སྣེ་ཁྲིད་བྱས།

བརྗོད་དོན་སློབ་གསོའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་ཆེད། ཚྭ་མཚོ་མ་རྐང་ཀུང་སིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས་དཀའ་གནད་ཐག་གཅོད་པར་སྐུལ་འདེད་བཏང་། ཀུང་སིའི་ཏང་ཨུ་ཡིས་བརྟག་དཔྱད་ཞིབ་འཇུག་གི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ཏེ། ཕྱོགས་བཅོ་ལྔ་དང་བརྟག་དཔྱད་ཀྱི་ནང་དོན་བརྒྱ་དང་དྲུག་གསལ་བོར་བཏོན་ནས། དོ་དམ་མི་སྣས་རང་འགུལ་གྱིས་དཔྱད་གཞི་གཅིག་ཁས་ལེན་བྱས་ཏེ་རྟོག་ཞིབ་བྱེད་པ་དང་ཉེ་བའི་ལོ་འགའི་རིང་གི་བྱ་བའི་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དང་ཟུང་འབྲེལ་བྱེད་པ།  མི་རེས་གནད་དོན་གཙོ་བོ་གཅིག་ནས་གསུམ་གཏན་ཁེལ་བྱས་ནས། དཔྱད་གཞི་དང་ལེན་བྱེད་པ་དང་གནད་དོན་ཤེས་རྟོགས་བྱེད་པའི་རྟོག་ཞིབ་རྣམ་པ་གྲུབ་པར་བྱས་ལ། བརྟག་དཔྱད་ཞིབ་འཇུག་བྱ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ།  དུས་མཉམ་དུ། རྟོག་ཞིབ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དང་མང་ཚོགས་བསམ་འཆར་ཆེ་བའི་གནད་དོན། རང་སྟེང་ནས་རྙེད་པའི་གནད་དོན་སོགས་ཀྱི་ནང་དོན་གསལ་ཁྲ་བཟོས་ཏེ། ཞིབ་བཤེར་དག་ཐེར་གྱི་རྩིས་ཐོ་བཙུགས་པ་དང་། རེ་རེ་བཞིན་ཞིབ་འཇུག་བྱས་ཏེ་གཞི་རྩའི་དག་ཐེར་བྱེད་ཐབས་དང་ཐག་གཅོད་བྱེད་ཐབས་གཏན་འབེབས་བྱས་ནས། མྱུར་དུ་བྱེད་ཐབས་སྤྱད་ནས་མྱུར་དུ་བཅོས་སྒྱུར་བྱེད་པ་དང་། མྱུར་དུ་ཞིབ་བཤེར་བྱས་ནས་མྱུར་དུ་དག་ཐེར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དག་ཐེར་གནད་དུ་འཁེལ་བ་དང་དངོས་འབེབས་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།