མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

《དགོངས་དོན་སློབ་སྦྱོང་གི་དྲི་བ་དྲིས་ལན》དཔེ་དེབ་ཀྱི་དབྱིན་ཡིག་གི་པར་གཞི་འགྲེམས་སྤེལ་མཛད་སྒོ་བསྡུས་པ།

  2023-05-28 18:16:22 

《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》ཞེས་པའི་དཔེ་དེབ་ཀྱི་དབྱིན་ཡིག་གི་པར་གཞིའི་ཐོག་མའི་འགྲེམས་སྤེལ་མཛད་སྒོ་ཅི་ལུང་ཕོ་རུ་བསྡུས་པ།

《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》ཞེས་པའི་དཔེ་དེབ་ཀྱི་དབྱིན་ཡིག་གི་པར་གཞིའི་ཐོག་མའི་འགྲེམས་སྤེལ་མཛད་སྒོ་ཟླ་ལྔ་པའི་ཚེས་ཉེར་བདུན་ཉིན་མཱ་ལེ་ཞི་ཡའི་ཅི་ལུང་ཕོ་རྒྱལ་སྤྱིའི་དཔེ་དེབ་འགྲེམ་སྟོན་གྱི་ཀྲུང་གོའི་བྱེད་སྒོ་སྤེལ་ཡུལ་དུ་བསྡུས།

《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》ཞེས་པའི་དཔེ་དེབ་ཀྱིས་དྲི་བ་དྲིས་ལན་གྱི་རྣམ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཞི་རྩའི་དགོངས་དོན་དང་གཞི་རྩའི་ནང་དོན། གཞི་རྩའི་བླང་བྱ་བཅས་ཆ་ཚང་ཞིང་དང་ཕྱོགས་ཡོངས་ནས་ཁ་གསལ་ཞིང་གོ་བདེ་བར་མཚོན་ཡོད་ལ། ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་གསར་པ་ཡིན་ལ། པར་རིས་དང་ཡི་གེ་གཉིས་ཀ་འཛོམས།《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》ཞེས་པའི་དཔེ་དེབ་ཀྱི་དབྱིན་ཡིག་པར་གཞི་ནི་ཀྲུང་གོ་མི་དམངས་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་རྒྱ་གར་ཀུན་སྤྱོད་དཔེ་སྐྲུན་ཁང་ལ་མཉམ་འབྲེལ་བྱས་ཏེ་པར་དུ་བསྐྲུན་ནས། འཛམ་གླིང་སྟེང་དབྱིན་ཡིག་སྤྱོད་པའི་རྒྱལ་ཁབ་ཡོངས་ལ་འགྲེམས་སྤེལ་བྱས་པ་རེད། དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་གཙོ་བོར་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཁག་ཁུར་ལ་ངོས་འཛིན་ཟབ་མོ་བྱེད་པར་ཕན་པ་ཡོད།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་འགན་ཁུར་བློ་མཐུན་དང་། མ་ལེ་ཞི་ཡའི་ཆབ་སྲིད་ཀྱི་སྡེ་དང་རིག་གནས་ཀྱི་སྡེ། གསར་འགྱུར་གྱི་སྡེ། དཔེ་སྐྲུན་གྱི་སྡེ་བཅས་ཀྱི་མི་སྣ་གྲགས་ཅན་དང་རིག་མཛོད་ཀྱི་འཐུས་ཚབ་འགྲེམས་སྤེལ་མཛད་སྒོར་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།