ཟླ5པའི་ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཆུ་བེད་ཐིང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱས་ནས། བརྗོད་དོན་སློབ་གསོ་དང་ཆུ་དར་ཆུ་བཅོས་བྱ་བ་གཉིས་ཟུང་འབྲེལ་བྱས་པ་དང་མཉམ་དུ་སྤེལ་ནས། མཁྲེགས་གཏོར་ལ་ལེབ་བཤེར་བྱས་པ་དང་། སེམས་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས། ཕྱོགས་གཉིས་དམ་འཛིན་དང་ནོར་འཛོལ་མི་བྱུང་བ་གཉིས། སྐུལ་འདེད་གཏོང་བ་གཉིས་མངོན་འགྱུར་བྱས།
རྨ་ཆུ་ཟི་ལིང་དུ་འདྲེན་པ་དང་རྨ་ཆུའི་གཞུང་ཆུའི་ཞོད་འགོག་བཟོ་སྐྲུན་དུས་སྐབས་གཉིས་པའི་སྔོན་དུས་ཀྱི་བྱ་བ་མྱུར་དུ་སྤེལ་བ་དང་། གོ་རིམ་ལྡན་པའི་ངང་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་དང་སེ་ཆང་ཆུ་མཛོད་སོགས་བཟོ་སྐྲུན་གཙོ་བོ་དང་ཉེན་ལྡན་ཆུ་མཛོད་དྲུག་གི་ཉེན་སེལ་སྲ་བསྒྱུར་བཟོ་སྐྲུན་ལག་བསྟར་བྱས། ཆུའི་ཐོན་ཁུངས་དོ་དམ་བྱ་བར་ཤུགས་སྣོན་པའི་ལག་བསྟར་གྲོས་གཞིའི་མ་ཟིན་བཀོད་དེ་སྒྲིག་བཟོ་བྱས་པ་དང་། ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོབ། གསར་སྤེལ། བེད་སྤྱོད་སོགས་ཀྱི་སྒྲིག་ལམ་ཚད་ལྡན་དུ་བསྒྱུར་ལ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། ཆུ་བོ་གཅིག་ལ་བྱེད་ཐབས་གཅིག་ལག་བསྟར་གནད་ལ་འཁེལ་བ་བྱས་ལ། ཞིང་སྡེའི་ཆུ་འདོན་བཟོ་སྐྲུན་དྲ་རྒྱ་མུ་མཐུད་དུ་ཇེ་ལེགས་སུ་བཏང་བ་དང་། གྲོང་གསེབ་ཀྱི་ཆུ་འདོན་སྒྲིག་ཆས་ཞིང་སྡེ་རུ་རྒྱུན་བསྲིང་བར་སྐུལ་འདེད་བཏང་ལ། ཞིང་སྡེའི་ཆུ་འདོན་གནད་དོན་ལེབ་བཤེར་ལྟ་ཞིབ་དང་འགུལ་རྣམ་གཙང་སེལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་ཆུ་ཚད་མཐོར་འདེགས་བཏང་། ཁེ་ལས་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཆེན་ཆུ་བེད་ཐིན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིན་ཧེ་རྫོང་གིས་རིན་མ་བླངས་པར་ཆུ་བེད་དེང་རབས་ཅན་གྱི་འཆར་འགོད་སྙན་ཞུ་སྒྲིག་བཟོ་བྱས་ལ། ཐག་གཅོད་མ་ཐུབ་པར་ལུས་པའི་འགན་སྲུང་དངུལ་གྱི་གནད་དོན་གཙང་སེལ་བྱེད་པའི་བྱ་བ་སྤེལ་ནས། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ཕན་འབྲས་ཇེ་མཐོར་བཏང་།
དེ་དང་མཉམ་དུ། ཕུན་སུམ་ཚོགས་པའི་སློབ་སྦྱོང་གི་རྣམ་པར་བརྟེན་ནས་བརྗོད་དོན་སློབ་གསོ་སྤེལ་བ་དང་། བརྒྱད་སྣོནxསློབ་སྦྱོང་རེ་བ་གཙོ་བོ་ལྟར། བཞི་སྣོན་གསུམ་གྱི་མ་དཔེ་སྤྱད་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭ་སོང་ནས་སྦྱོང་བརྡར་དང་ལེན་བྱས་རྗེས་ཡང་བསྐྱར་འགོ་བརྩམས་ལ། ལས་ཁུངས་སུ་ཏང་གཤིས་བགྲོ་གླེང་ཆེན་པོ་བསྡུས་ནས་ཡང་བསྐྱར་མཐོར་འདེགས་བཏང་། དུས་མཉམ་དུ་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱི་སྐད་འཕྲིན་སྤྱི་སྟེགས་སྟེང་རྒྱུན་མཐུད་ངང་བརྗོད་དོན་སློབ་གསོའི་ངེས་པར་ཤེས་འོས་པའི་དྲི་བ་བརྒྱ་བཏོན་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོའི་ནང་དོན་གཙོ་བོ་དང་འབྲེལ་ཡོད་རེ་བ་ཁོང་དུ་ཆུད་པར་བྱས་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པར་སྐུལ་འདེད་བཏང་། དེར་མ་ཟད་ལས་རིགས་ཀྱིས་འཚམས་འདྲི་རྟོག་ཞིབ་སྤེལ་བར་དམ་འབྲེལ་བྱས་ཏེ། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་འགན་ནུས་འགན་འཁྲི་ལ་ཤན་སྦྱར་ནས་ཆེད་དོན་རྟོག་ཞིབ་སྤེལ་བ་དང་། འཚམས་འདྲིའི་ཁྲོད་ཆུ་འབྲེལ་གནད་དོན་ལ་ལྟ་ཞིབ་བྱས་པ་དང་། རྟོག་ཞིབ་ཁྲོད་ཆུ་བེད་དམངས་ཚིས་ལ་དབྱེ་ཞིབ་བྱས་ལ། ལེབ་བཤེར་ཁྲོད་ཆུ་བཅོས་སྐྱོང་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། མཁྲེགས་གཏོར་བྱེད་པའི་ཁྲོད་ཆུར་དོ་དམ་བྱེད་པའི་ཐད་ཀྱི་མི་འདང་སར་ཁ་གསབ་བྱས།