བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ་དང་། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ལེགས་སྒྲིག་དང་འཚོལ་བཤེར་བྱེད་རྒྱུ་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་པར་མ་ཟད། བྱེད་ཐབས་བཞི་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
དམིགས་འབེན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ་བྱ་བའི་བཀོད་སྒྲིག་དམ་འཛིན་བྱས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པའི་ལག་བསྟར་ཇུས་གཞི་ཞིབ་འཇུག་གཏན་འབེབས་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་དེ་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཟུང་འབྲེལ་བྱེད་པ་དང་། འབུར་ཐོན་གནད་དོན་ཐག་གཅོད་པ་དང་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པ། འགལ་ཟླའི་མི་མངོན་པའི་རྐྱེན་ངན་ལ་ཞིབ་བཤེར་དང་ཉེན་ཁ་སྔོན་མགོག་ཐག་གཅོད་དང་ཟུང་འབྲེལ་བྱེད་པ། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ཏེ་གཞི་རིམ་དུ་ཟབ་ཞུགས་དང་དོན་དངོས་ཁྲོད་ཟབ་ཞུགས། མང་ཚོགས་ཁྲོད་ཟབ་ཞུགས་བྱས་ཏེ་གནས་ཚུལ་ཤེས་རྟོགས་དང་གནད་དོན་ཡང་དག་པར་འཚོལ་བ། སྲིད་ཇུས་བཟང་པོ་འདོན་པ་བཅས་བྱས་ནས་ཏང་གི་གསར་སྐྲུན་གཞུང་ལུགས་སྤྱད་དེ་གནད་དོན་ཐག་གཅོད་པ་དང་ལག་ལེན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་པ་བཏོན།
གནད་དོན་ཁྲིད་ཕྱོགས་ཇེ་དྲག་ཏུ་བཏང་སྟེ་ཞིབ་འཇུག་བྱ་གཞི་དམ་འཛིན་བྱས། གཙོ་འགན་གཙོ་ལས་གཅིག་བསྡུས་བྱས་ཏེ་ཚན་རིག་རང་བཞིན་དང་དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་འབུར་དུ་ཐོན་པར་བྱས་པ་དང་། མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་དང་གྲོང་ཁྱེར་གྱི་མི་རིགས་བྱ་བའི་ཞིབ་འཇུག བོད་བརྒྱུད་ནང་བསྟན་དང་དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལག་ལེན་སོགས་བརྟག་དཔྱད་བྱ་གཞི་ང་གཉིས་ལག་བསྟར་བྱེད་པར་བཀོད་སྒྲིག་ཞིབ་མོ་བྱས་ལ། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ཏེ་རང་འགུལ་ངང་བརྟག་དཔྱད་བྱ་གཞི་དང་ལེན་བྱས་ནས་འཆར་གཞི་ཕྱིར་བཏོན་པ་དང་དུས་བཅད་གཏན་འཁེལ་གསལ་བོ་དང་འགན་འཁྲི་ཇེ་ཞིབ་ཏུ་བཏང་བར་མ་ཟད། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ཏེ་ཟབ་ཚད་དང་རིན་ཐང་ཡོད་པའི་བརྟག་དཔྱད་གྲུབ་འབྲས་སྐོར་ཞིག་གྲུབ་པར་བྱས།
གོ་རིམ་ཁྲིད་ཕྱོགས་ལ་མཐོང་ཆེན་བྱས་ཏེ་བྱེད་ཐབས་དམ་འཛིན་བཟང་པོ་བྱས། པུའུ་ཡི་མགོ་ཁྲིད་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་མི་བྱེད་པ་བཞི་དང་ཐད་ཀར་གཉིས་དགོན་སྡེ་ཆོས་ཁང་དང་ཁེ་ལས་ཚོང་ཚོགས། མཐོ་རིམ་སློབ་གླིང་དུ་ལག་བསྟར་ནན་མོ་བྱས་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དམངས་གཉེར་དཔལ་འབྱོར་མི་སྣ། ཏང་ཕྱིའི་ཤེས་ཡོན་པ་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ་བཅས་དང་བརྗེ་རེས་ཟབ་མོ་བྱས་ཏེ་འབྲེལ་ཡོད་རྒྱུ་ཆར་རྒྱུས་ལོན་ཟབ་མོ་བྱས། མང་ཚོགས་ཀྱི་བསམ་འཆར་ལ་དམིགས་ཏེ་འབུར་ཐོན་གནད་དོན་གཅིག་བསྡུས་དང་ལེགས་སྒྲིག་བྱས་ཏེ་གནད་དོན་ཐག་གཅོད་པའི་དུས་ཚོད་རེའུ་མིག་དང་ལམ་ཐིག་པར་རིས་གཏན་འཁེལ་བྱས་པ་དང་། ལས་བགོས་ཞིབ་ཚགས་དང་ལས་ཡུན་ལྡོག་སྒྲིག་བྱས་ཏེ་དངོས་ཡོད་གནད་དོན་ཐག་གཅོད་བཟང་བོ་བྱས།
མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གྲུབ་འབྲས་འཁོར་སྐྱོད་དམ་འཛིན་བྱས། འཚམས་འདྲི་དང་བརྟག་དཔྱད། ཞིབ་བཤེར། མཁྲེགས་གཏོར་བཅས་བྱེད་ཞོར་དུ་སྐྱེ་ཁམས་སྲུང་སྐྱོང་དང་མི་རིགས་ཆོས་ལུགས། ཏང་གི་འཛུགས་སྐྲུན་སོགས་བྱ་བ་གཙོ་བོའི་ཁྲོད་ཀྱི་དཀའ་གནད་དང་འགག་གནད་གཅིག་བསྡུས་བྱས་ནས་ཚན་རིག་ལྟར་གནད་དོན་ཐག་གཅོད་པའི་བྱེད་ཐབས་ཕྱིར་བཏོན། བརྟག་དཔྱད་ཞིབ་འཇུག་བྱ་བའི་ཁྲོད་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་ལམ་ལུགས་ཀྱི་རྣམ་པས་གཏན་འཁེལ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱ་བའི་ནང་རྐྱེན་དང་གྲུབ་འབྲས་ཚུལ་སྒྱུར་འཁོར་སྐྱོད་མཉམ་སྤྱོད་ནང་རྐྱེན་སོགས་བཙུགས་ནས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་།