མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཏང་ཨུས་གཞུང་ལུགས་སློབ་སྦྱོང་དང་བརྗོད་དོན་སློབ་གསོའི་ཏང་གཤིས་བགྲོ་གླེང་བསྡུས་པ།

  2023-05-26 14:42:57 

མཚོ་སྔོན་ཞིང་ཆེན་ཏང་ཨུས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་བརྗོད་དོན་སློབ་གསོའི་ཏང་གཤིས་བགྲོ་གླེང་ཆེན་མོ་བསྡུས་པ།

ཟླ5པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཏང་གཤིས་བརྟན་པོ་ཇི་ལྟར་མངོན་པར་བྱེད་པ་དང་སྦྱོང་བརྡར་བྱེད་པ་བརྗོད་སྙིང་དུ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཏང་གཤིས་བགྲོ་གླེང་ཆེན་མོ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲེན་ཀང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་དང་། ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ། ཁྲེན་ཀང་དང་ཝུའུ་ཞའོ་ཅུན། མགོན་པོ་བཀྲ་ཤིས། ཝང་དབྱང་། ཀྲའོ་ཡུའེ་ཞ། ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན། དབྱང་ཧྥིན་ཁྲུན། ཀྲང་ཞའོ་རུང་། ཀྲ་ཆིན་ཅིག་སོགས་ལྟེ་གནས་ཚན་ཆུང་གི་ཁོངས་མིས་བརྗོད་དོན་ལ་དམིགས་ནས་གཏམ་བཤད། ལྟེ་གནས་ཚན་ཆུང་གི་ཁོངས་མི་གཞན་པས་ཡིག་ཐོག་གཏམ་བཤད་ཀྱི་རྒྱུ་ཆ་སྤྲད།

ཁྲེན་ཀང་གིས་གཏམ་བཤད་སྐབས་བསྟན་དོན། བརྗོད་དོན་སློབ་གསོའི་ཁྲོད་ཏང་གཤིས་བགྲོ་གླེང་ཆེན་མོ་སྤེལ་བའི་དམིགས་འབེན་ནི། བར་ཁྱད་འཚོལ་བ་དང་ཁ་ཕྱོགས་གསལ་བར་བྱེད་པ། མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློའི་སྦྱོང་བརྡར་དང་བསམ་པའི་སྦྱོང་བརྡར། ཏང་གཤིས་སྦྱོང་བརྡར་ནན་མོ་མྱོང་བར་སྣེ་ཁྲིད་བྱེད་རྒྱུ་དེ་ཡིན། ཚང་མས་རང་ཉིད་དེའི་ཁྲོད་འཇོག་པ་དང་འགན་འཁྲི་དེའི་ཁྲོད་འཇོག་པ། བྱ་བ་དེའི་ཁྲོད་བཞག་སྟེ། རང་བཤེར་དང་བགྲོ་གླེང་། བརྗེ་རེས་ནན་མོ་བྱས་པ་དང་། ལྷག་པར་དུ་དཔེ་གཞིས་ལེགས་བཅོས་ལ་སྐུལ་བར་དམིགས་ནས་མྱོང་ཚོར་གླེང་བ་དང་བསམ་གཞིགས་བཤད་པ། ནུས་སྟོབས་མངོན་པ་དང་བྱེད་ཐབས་ནན་མོ་སྤྱོད་ཕོད་པར་བྱས་ནས། གནད་དོན་ལ་ལྟ་ཞིབ་བྱེད་པ་དང་བསམ་བློ་བརྗེ་རེས་བྱེད་པ། རྒྱུས་ལོན་ཟབ་མོ་བྱེད་པ། ལེགས་སྒྱུར་མཐོར་འདེགས་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས།

ཁྲེན་ཀང་གིས་ནན་གྱིས་བསྟན་དོན། གཞུང་ལུགས་སློབ་སྦྱོང་ཁྲོད་ཏང་གཤིས་བློ་སྦྱོང་མཐོར་འདེགས་སུ་གཏོང་དགོས། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། རང་རྟོགས་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲང་ཕྱོགས་ཀྱི་ནུས་པ་བསྐྱེད་པ་དང་བསམ་བློའི་ཡུལ་ཁམས་མཐོར་འདེགས་གཏོང་བ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་རྒྱུ་དེ་བྱ་བའི་ཁྲོད་ལག་བསྟར་བྱེད་པ་དང་བྱ་སྤྱོད་སྟེང་མངོན་པར་བྱེད་པ། དུས་ནམ་ཞིག་དང་གནས་ཚུལ་གང་རུང་གི་འོག་ཏུ་ཡང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འགྱུར་བ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་མི་ཡོ་བར་བྱས་ནས། ཆབ་སྲིད་གླེང་བའི་རེ་བ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རང་རྟོགས་དང་རང་འགུལ་དུ་བསྒྱུར་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཏང་གཤིས་སྤུས་ཚད་ལ་ཞིབ་དཔྱད་བྱེད་དགོས། ཏང་གཤིས་ལ་བརྟེན་ནས་རང་ཚུགས་ལས་འཇུག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཏང་གཤིས་ལ་ཞིབ་དཔྱད་བྱེད་དགོས། མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོའི་ཁྲོད་ཏང་གཤིས་ཇེ་དྲག་ཏུ་གཏོང་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ཆབ་སྲིད་ཀྱི་སྦྱོང་བརྡར་ལ་ཤུགས་བསྣན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དམ་འཛིན་དང་ལག་བསྟར་ནན་མོ་བྱེད་དགོས། འཐབ་རྩོད་བྱེད་ཕོད་པའི་ཁྲོད་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་དགོས། གཞུང་ལུགས་སློབ་སྦྱོང་བསམ་གཞིགས་དང་བརྟག་བཤེར་ཞིབ་འཇུག་མྱོང་ཚོར། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་བཅས་ལ་ཟུང་འབྲེལ་བྱེད་པ། ཏང་གཤིས་ཕྱོགས་སུ་གནས་པའི་གནད་དོན་ལ་ལྟ་ཞིབ་ནན་མོ་བྱེད་པ། དག་ཐེར་ལེགས་བཅོས་ཀྱི་གསལ་ཁྲ་འཛུགས་པ། གནད་དོན་རེ་རེ་བཞིན་དག་ཐེར་ལེགས་བཅོས་བྱེད་པ། ཏང་གཤིས་བགྲོ་གླེང་ཆེན་མོ་སྤེལ་བ་དང་དཔེ་གཞིས་ལེགས་བཅོས་ལ་སྐུལ་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་དང་ཟུང་འབྲེལ་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ཟུང་འབྲེལ་བྱེད་པ། དངོས་བཤེར་དངོས་བཅོས་ཀྱི་འགུལ་སྐྱོད་དངོས་ལ་བརྟེན་ནས་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་གྲུབ་པར་བྱས་ཏེ། ཏང་གཤིས་བགྲོ་གླེང་ཆེན་མོ་ཐད་ནས་བྱུང་བའི་ཆབ་སྲིད་ཀྱི་སྤྲོ་སེམས་དེ་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་བཅས་སློབ་སྦྱོང་ཚོགས་འདུར་ཞུགས།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།