ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་ཁྲལ་འཇལ་མཁན་གྱི་ཁྲལ་གྲོན་དགོས་མཁོ་གཅིག་བསྡུས་བྱས་ཏེ། མི་དམངས་ཀྱི་ཁྲལ་དོན་བྱ་བར་སྟབས་བདེ་གང་ལེགས་བསྐྲུན་པའི་བྱ་འགུལ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོལ་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ནན་ཏན་སྒོས་སྤེལ་ནས། ཁྲལ་གྲོན་སྲིད་ཇུས་དངོས་འབེབས་གནད་འཁེལ་དང་། ཁྲལ་འཇལ་ཞབས་ཕྱི་ཕྱོགས་ཡོངས་ནས་ལེགས་སྒྱུར་བྱས་ལ། ཁེ་ལས་ཀྱི་རེ་ཞུར་མྱུར་དུ་ལན་བཏབ་ནས། ཁེ་ལས་ཀྱི་འཕེལ་རྒྱས་རིམ་འཕར་བྱེད་པར་སྐུལ་འདེད་བཏང་བ་མ་ཟད། རིགས་སོ་སོའི་ཚོང་གཉེར་གཙོ་གཞིའི་གསོན་ཤུགས་བསྐྱེད།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་དོན་སྡེ་ཁག་གི་ཞབས་ཕྱིའི་དགེ་མཚན་དང་ཐོན་ཁུངས་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ། ཚོང་གཉེར་གཙོ་གཞིའི་དཀའ་ཁག་སེལ་རོགས་བྱེད་པར་ནུས་ཤུགས་གང་ཡོད་བཏོན་པ་དང་། ཁྲལ་གྲོན་སྲིད་ཇུས་ཕྱོགས་ཡོངས་ནས་དངོས་འབེབས་བྱས། མཚོ་ནུབ་ཁུལ་ཁྲལ་དོན་ཅུའུ་ཡིས་སྲིད་འཛིན་ཁྱབ་ཁོངས་ཀྱི་ཁྲལ་འཇལ་མཁན་དང་ཁྲལ་སྤྲོད་མཁན་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དམིགས་སུ་བཟུང་ནས། འཐབ་ཡུལ་དང་པོར་རྟོག་ཞིབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ཁྲལ་འཇལ་མཁན་ལ་ཞིབ་ཚགས་གནད་ཁེལ་གྱི་ཁྲལ་གྲོན་ཞབས་ཕྱི་འདོན་སྤྲོད་བྱས།
མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་ཁྲལ་གྲོན་སྲིད་ཇུས་དངོས་འབེབས་དང་། ཁྲལ་གྲོན་འགྲོ་ལུགས་སྒྲུབ་པ། ཁྲལ་གྲོན་རེ་ཞུར་ལན་སྟེར་བའི་བརྒྱུད་རིམ་ཧྲིལ་བོ་དམིགས་སུ་བཟུང་སྟེ། བྱེད་ཐབས་སྣང་མང་སྤྱད་པ་དང་། དགོས་མཁོའི་ཞབས་ཕྱི་དང་ཐུན་མོང་ཞབས་ཕྱི་སོགས་ཀྱི་བྱ་བའི་རྩ་དོན་གཞིར་བཟུང་སྟེ། ཁྲལ་གྲོན་ཞབས་ཕྱིའི་གསལ་ཁྲ་བཅུ་དྲུག་ཕྱིར་བཏོན་ནས། ཞིང་ཆེན་ཡོངས་ཀྱི་ཁྲལ་འཇལ་མཁན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་བོའི་སྤུས་ལེགས་ཞབས་ཕྱི་འདོན་སྤྲོད་བྱས། མིན་ཡོན་རྫོང་ཁྲལ་དོན་ཅུའུ་ཡིས་སྔོན་ཐོན་ཁྲལ་འཇལ་ཞབས་ཕྱིའི་བྱེད་ཐབས་ནང་འདྲེན་བྱས་ཏེ། ཁྲལ་སྒྲུབ་ཞབས་ཕྱི་ཐིན་ནས་ཞབས་ཕྱིའི་སྒེའུ་ཁུང་བཙུགས། མཚོ་ལྷོ་ཁུལ་ཁྲལ་དོན་ཅུའུ་ཡིས་དོ་དམ་བྱ་བའི་རྩིས་ཐོ་བཙུགས་ནས། ཁྲལ་འཇལ་མཁན་གྱིས་བཏོན་པའི་གནད་དོན་ལ་དུས་ལྟར་ལན་བཏབ་པ་དང་དཀའ་ཁག་རེ་རེ་བཞིན་ཐག་གཅོད་བྱས།
མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་ཁྲལ་འཇལ་མཁན་དངགླ་སྤྲོད་མཁན་གྱི་དགོས་མཁོ་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲལ་བསྡུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཁྲལ་འཇལ་མཁན་གྱི་དགོས་མཁོར་དབྱེ་ཞིབ་དང་རེ་ཞུར་ལན་སྟེར་བའི་བྱ་བ་ཡག་པོར་སྒྲུབ། ཟི་ལིང་གྲོང་ཁྱེར་ཁྲལ་དོན་ཅུའུ་ཡིས་ཁེ་ལས་ཁྲལ་གྲོན་ཞབས་ཕྱིའི་རེ་ཞུར་དུས་ལྟར་ལན་བཏབ་པ་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་དང་བཟོ་ཚོང་མཉམ་འབྲེལ་སོགས་སྡེ་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ལ། ཁྲལ་བསྡུ་གཞི་གྲངས་ཆེན་མོའི་ཐོན་ཁུངས་སྡེབ་སྒྲིག་དང་། རྒྱལ་ཡོངས་ཁྲལ་འཇལ་མཁན་གྱི་འདོན་སྤྲོད་ཕྲེང་འབྲེལ་འདྲི་རྟོགས་ཀྱི་བྱེད་ནུས་བརྒྱུད་དེ། དཀའ་ཁག་ཅན་གྱི་ལས་རིགས་ལ་རོགས་རམ་ཆེན་པོ་བྱས།