མཚོ་སྔོན་ཞིང་ཆེན་ཏང་ཨུས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་བརྗོད་དོན་སློབ་གསོའི་ཏང་གཤིས་བགྲོ་གླེང་ཆེན་མོའི་ཚོགས་འདུ་བསྡུས་པ།
ཟླ5པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་། “དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་ཏང་གཤིས་སྟོབས་ལྡན་མངོན་པ་དང་སྦྱོར་བརྡར་ཇི་ལྟར་བྱེད་དགོས་སམ”ཞེས་པ་བརྗོད་དོན་དུ་བཟུང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཏང་གཤིས་བགྲོ་གླེང་ཆེན་མོ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲེན་ཀང་གིས་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་དང་ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉེན་ཚོགས་འདུར་ཕེབས་ནས་མཛུབ་སྟོན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཕེབས།
ཚོགས་ཐོག་ཏུ། ཁྲེན་ཀང་དང་ཝུའུ་ཞའོ་ཅུན། མགོན་པོ་བཀྲ་ཤིས། ཝང་དབྱང་། ཀྲའོ་ཡུའེ་ཞ། ཝང་ལིན་ཧུ། ཀྲུའུ་ཞང་ཧྥིང་། དབྱང་ཧྥིན་ཁྲུང་། ཀྲང་ཞའོ་རུང་། ཁྲ་ཆིན་ཅིའུ་སོགས་ལྟེ་གནས་ཚན་ཆུང་གི་ཁོངས་མིས་བརྗོད་དོན་ལ་དམིགས་ནས་སྔ་རྗེས་སུ་གཏམ་བཤད། ལྟེ་གནས་ཚན་ཆུང་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།
ཁྲེན་ཀང་གིས། གཞུང་ལུགས་སློབ་སྦྱོང་ཁྲོད་མུ་མཐུད་དུ་ཏང་གཤིས་སྦྱོང་བརྡར་མཐོར་འདེགས་དགོས། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་ནས་ཀླད་པར་དྲག་ཆས་སྤྲོས་པ་དང་། རང་རྟོགས་སྒོས་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་ནས་བློ་སྟོབས་སྐྱེད་པ་དང་གོ་རྟོགས་མཐོར་འདེགས་པ། “གཏན་ཕབ་གཉིས”ལ་གུང་བཀུར་བརྟན་པོ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱ་བའི་ཁྲོད་དངོས་འབེབས་བྱེད་པ་དང་འགུལ་སྐྱོད་ཁྲོད་མཚོན་པར་བྱེད་པ། དུས་སྐབས་ནམ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་ཀྱང་ཆབ་སྲིད་ལངས་ཕྱོགས་མི་འགྱུར་བ་དང་ཆབ་སྲིད་ཁ་ཕྱོགས་མི་གཡོ་བར། ཆབ་སྲིད་གླེང་བའི་བླང་བྱ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ནང་གནས་རང་རྟོགས་དང་ནང་གནས་རང་འགུལ་དུ་བསྒྱུར་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་མུ་མཐུད་དུ་ཏང་གཤིས་རང་མདངས་ལ་བརྟག་བཤེར་བྱེད་དགོས། ཏང་གཤིས་ལ་བརྟེན་ནས་ལུས་འཛུགས་ལས་སྒྲུབ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཏང་གཤིས་ལ་བརྟག་བཤེར་བྱེད་དགོས། “མཐོ་ས”སྐྲུན་པ་དང“གནས་བཞི”འཛུགས་སྐྲུན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་འཐབ་ར་གཙོ་བོའི་ཁྲོད་ཏང་གཤིས་ཇེ་དྲག་ཏུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ཆབ་སྲིད་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་འཛིན་ཤ་སྟག་དང་དངོས་ལ་འབེབས་པར་བྱེད་དགོས། འཐབ་རྩོད་བྱེད་ཕོད་པའི་ཁྲོད་མུ་མཐུད་དུ་ཏང་གཤིས་སྦྱོར་བརྡར་ལ་ཤུགས་སྣོན་དགོས། གཞུང་ལུགས་སློབ་སྦྱོང་གི་བསམ་གཞིགས་དང་བརྟག་དཔྱད་ཞིབ་འཇུག་གི་མྱོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་བཅས་ཟུང་དུ་སྦྲེལ་བ་དང་། ཏང་གཤིས་ཕྱོགས་སུ་གནས་པའི་གནད་དོན་ལ་ནན་ཏན་གྱིས་ལྟ་ཞིབ་བྱེད་པ། དག་ཐེར་ཡོ་བསྲང་གི་གསལ་ཐོ་འབྲི་བ། དག་ཐེར་ཡོ་བསྲང་ཁག་རིམ་པ་བཞིན་ལེགས་པར་འཛིན་པ། ཏང་གཤིས་བགྲོ་གླེང་ཆེན་མོ་སྤེལ་བ་དེ་དཔེ་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་དང་ཟུང་དུ་སྦྲེལ་བ། ཕྱོགས་ཡོངས་ནས་ཏན་ནན་མོས་སྐྱོང་བ་དང་དཔོན་ནན་མོས་སྐྱོང་བའི་ཆབ་སྲིད་འགན་འཁྲི་དངོས་འབེབས་བྱེད་པ་དང་ཟུང་དུ་སྦྲེལ་བ། བདེན་འཚོལ་དངོས་སྒྱུར་གྱི་བྱེ་བྲག་གི་འགུལ་སྐྱོད་ལ་བརྟེན་ནས་སྤྱོད་གཙང་དྲང་གནས་ཀྱི་ཆབ་སྲིད་སྐྱེ་ཁམས་བསྐྲུན་ཏེ། ཏང་གཤིས་བགྲོ་གླེང་ཆེན་མོས་བསླངས་པའི་ཆབ་སྲིད་སྤྲོ་སེམས་མུ་མཐུད་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་མོར་བསྒྱུར་དགོས་ཞེས་ནན་གྱིས་གསུངས།
ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།