མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-05-24 15:37:36 

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་པོའི་ཐད་ཀྱི་རེ་བ་གསར་པ་དང་བསྟུན་རྒྱུ་དེ་བརྟག་དཔྱད་ཞིབ་འཇུག་དར་སྤེལ་བྱེད་པའི་མགོ་ཚུགས་ས་དང་མཇུག་བསྡུ་ས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་བྱ་གཞི་སོ་ལྔ་ཞིབ་ཚགས་འཆར་འགོད་བྱས་ནས་རྟོག་ཞིབ་བྱས་པས། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁ་ཚ་དགོས་གཏུག་གི་དོན་དངོས་དཀའ་གནད་ཐག་གཅོད་བྱས།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བརྟག་དཔྱད་ཞིབ་འཇུག་སྔོན་གྱི་ལས་དོན་ཡག་པོར་སྒྲུབ་པར་དོ་སྣང་བྱས་ཏེ། རྟོག་ཞིབ་བྱ་གཞིའི་ནང་དོན་ལྟར། དོན་དངོས་དང་ཟུང་འབྲེལ་དང་གནས་ཚུལ་ཁག་བགོས་བྱས་ཏེ། དྲ་རྒྱ་དང་ཁ་པར་སོགས་ཀྱི་བྱེད་ཐབས་སྤྱད་ནས་བསམ་ཚུལ་བསྡུ་ལེན་བྱས། གནས་ཚུལ་གསལ་རྟོག་དང་། གནད་དོན་ཡང་དག་བཙལ་བ། ཇུས་གཞི་ཞིབ་ཚགས་བཟོ་བ་བཅས་དམིགས་འབེན་དུ་བྱས་ཏེ། བཞུགས་མོལ་ཁ་བརྡ་དང་། བཅའ་འདྲིར་བསྐྱོད་པ། རྟོག་ཞིབ་འདྲི་རྟོགས། ཆེད་མཁས་པའི་རྟོག་ཞིབ། སྡོམ་རྩིས་དབྱེ་ཞིབ་སོགས་ཀྱི་བྱེད་ཐབས་ཕྱོགས་སྡུས་སྒོས་སྤྱད་པ་དང་། མཉམ་འབྲེལ་དྲ་བ་དང་གཞི་གྲངས་ཆེན་མོ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱས་ནས་བརྟག་དཔྱད་ཞིབ་འཇུག་སྤེལ། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་སྤྱད་དེ་གཞི་རིམ་འཐབ་ཡུལ་དང་པོ་རུ་བལྟ། ཉན། འདྲི་གསུམ་སོགས་ཀྱི་རྣམ་པས་འབྲེལ་ཡོད་གནད་དོན་ཤེས་རྟོགས་བྱུང་བར། རྩིས་ཐོ་བཙུགས་ནས་རེ་རེ་བཞིན་ཞིབ་འཇུག་བྱས། རྟོག་ཞིབ་ཀྱི་ཁ་ཕྱོགས་དང་ནང་དོན། རྣམ་པ་སོགས་མང་ཚོགས་ཀྱི་ལངས་ཕྱོགས་དང་མཐུན་པར་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་དངོས་འབེབས་མཐའ་འཁྱོལ་བྱེད་པ་དང་མི་དམངས་མང་ཚོགས་ཡིད་ཚིམ་མིན་དེ་རྟོག་ཞིབ་གྲུབ་འབྲས་ཀྱི་ཚད་གཞི་རུ་འགྱུར་བར་བྱས།

རྟོག་ཞིབ་ཁྲོད་དུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་གྲོང་གསེབ་དར་སྤེལ་ལ་རོགས་ཤུགས་འདོན་པ་གཉིས་ཟུང་འབྲེལ་བྱས་པ་དང་།  གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ལ། ཡོང་སྒོ་ཇེ་མང་དུ་གཏོང་བར་དམིགས་ནས། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། འཚོ་བའི་བཙོག་ཆུ་བཅོས་སྐྱོང་སོགས་ཕྱོགས་ཀྱི་རེ་ཞུ་གཅིག་བསྡུས་བྱས་ཏེ། ཧོང་ཀྲུང་ཆུས་ཀན་ཧི་ཐང་གྲོང་རྡལ་ཧོང་ཨར་སྡེ་བ་དང་། ཕིང་ཨན་ཆུས་བདེ་འཇགས་སྲང་ལམ་གྱི་ཧྲིན་ཅ་སྡེ་བ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་བོད་རིགས་ཤང་རྟ་ར་སྡེ་བ་སོགས་དུ་རྟོག་ཞིབ་བྱས། རྟོག་ཞིབ་ཚན་ཆུང་ཞིང་བའི་ཁྱིམ་ཚང་དུ་སོང་ནས་ཡོང་འབབ་རྒྱུས་ལོན་བྱས་ལ། ཆུ་ལམ་གྱི་ཆུ་ལོག་བཅོས་སྐྱོང་དང་། ཆུའི་རྫད་སྐྱོན་འགོག་བཅོས་དང་ཆུའི་སྐྱེ་ཁམས་ཉམས་གསོའི་གནས་བབ་རྒྱུས་ལོན་བྱས་པ་མ་ཟད། སྡེ་བའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་། རང་བྱུང་སོལ་རླངས་དང་གློག་སོགས་ཀྱི་དག་གཙང་ནུས་ཁུངས་བསྒྱུར་བཅོས། སྡེ་བའི་གཞུང་ལམ་ཉམས་གསོ་སོགས་ལ་གྲོས་མོལ་བྱས་ཏེ་བྱེད་ཐབས་བསྡུ་ལེན་བྱས། སྐྱེ་ཁམས་དར་སྤེལ་དང་སྐྱེ་ཁམས་གཞིས་སྡོད་ཀྱི་གཙོ་གནད་ལ་དམིགས་ཏེ། འཚོ་བའི་བཙོག་ཆུ་བཅོས་སྐྱོང་དང་། ཁོར་ཡུག་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས་བཅས་ཀྱི་འབྲེལ་ཡོད་རྣམ་གྲངས་འཆར་འགོག་བྱེད་རོགས་དང་། རོགས་སྐྱོར་ཀྱི་བྱེད་ཐབས་ནུས་ལྡན་བཏོན་ནས། འབྲེལ་གཏུག་སྡེ་བའི་འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་རོགས་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།