མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཁྲིམས་འཛིན་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ་བ།

  2023-05-24 15:37:36 

ཉེ་ལམ། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བ་སོ་སོར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་བརྗོད་དོན་སློབ་གསོ་དང་བྱ་བ་གཙོ་བོ་གཉིས་མཉམ་དུ་འཛིན་པ་དང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་སུ་བསྒྱུར་བར་འབད་པ་བྱས།

བརྗོད་དོན་སློབ་གསོ་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཁྱབ་ཁོངས་མི་འདྲ་བ་དང་ཁ་གཏད་ཡུལ་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ཏེ་སྔ་གཞུག་ཏུ་ཐིན་ཏང་ཙུའུ་ཡི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྒྲུབས་པ་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་གི་བྱ་བའི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་སྤེལ་བར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་བཤད་ཚོགས་འདུ་བསྡུ་བ་སོགས་བྱས། དེ་མིན། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རྨ་ཆུའི་བཞུར་རྒྱུད་སྲུང་སྐྱོབ་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་ཡིག སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་དང་འབྲེལ་བ་ཡོད་པའི་ཆེད་དོན་གཙང་བཤེར་ལས་དོན་སྤེལ་ཏེ་བསྡོམས་པས་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅོ་བརྒྱད་དང་ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ་དགུ། སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བདུན་ཅུ་བཅས་གཙང་བཤེར་བྱས། ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཉིས་དང་ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ་གཉིས་སོགས་བཟོ་བཅོས་བྱེད་པའི་གྲོས་གཞི་བཏོན་པའི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་རང་ཞིང་དུ་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ་དང་། རྨ་ཆའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས།

ཉེ་ལམ། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ཏེ་ཁྲིམས་རྩོད་པའི་ལས་དོན་ཨུ་ཡོན་ལྷན་ཁང་ང་གཉིས་ཀྱིས་གྲུབ་པའི་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལ་རོགས་སྐྱོར་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་ཁྲིམས་རྩོད་ཞབས་ཞུ་ཚོགས་པ་བཙུགས་ཏེ་སྤྱི་ཕན་རང་བཞིན་གྱི་བཅའ་ཁྲིམས་འདྲི་རྟོག་དང་འགྲེལ་བཤད་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། རང་ཞིང་གི་ཁེ་ལས་ཀྱིས་བཅའ་ཁྲིམས་ཉེན་ཁ་སྔོན་འགོག་བྱེད་པར་རོགས་སྐྱོར་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།