ཟླ5པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་གཙོར་འཛིན་པ་དང་། ཞིང་ལས་ཞིང་སྡེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དམིགས་འབེན་དུ་བཟུང་སྟེ། འབྲུ་རིགས་ས་ནས་གསོག་པ་དང་། འབྲུ་རིགས་ལག་རྩལ་ལ་བརྟེན་ནས་གསོག་པའི་འཐབ་ཇུས་དངོས་འབེབས་བྱས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་སྡེ་ཁག་གི་རྒྱ་ཆེའི་ལས་བྱེད་ལས་བཟོ་པས་ཞིས་ལས་ལག་རྩལ་ཁྱབ་སྤེལ་ཞབས་ཞུ་དམ་འཛིན་གང་ལེགས་བྱས་ཏེ། ཞིང་གསུམ་བྱ་བར་ཞབས་འདེགས་ཞུ་བའི་བརྗོད་དོན་ལ་དམིགས་པ་དང་། མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱས་པ་དང་། མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྣང་། ཡིད་ཚིམ་ཚད་བཅས་མུ་མཐུད་མཐོ་རུ་བཏང་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་བཏང་།
བརྗོད་དོན་སློབ་གསོའི་ཁྲོད་གཙོ་སྙིང་འདུ་ཤེས་ཤུགས་དྲག་ཏུ་གཏོང་བ་དང་། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གནད་དོན་ཡང་དག་བཙལ་བ་བཅས་བསྟན་ཡོད་པས། ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ། མིན་ཧི་དང་། ཞུན་ཧྭ། དཔའ་ལུང་། གཙན་ཚ། ཁྲི་ཀ་སོགས་རྫོང་ལྔ་དང་ཡུལ་ཚོ་དང་གྲོང་རྡལ་བཅོ་ལྔ། སྡེ་བ་བཅོ་ལྔ་རུ་སོང་ནས། སྟོན་ཁ་དང་དགུན་ཁའི་སོན་འདེབས་གནས་ཚུལ་དང་དཔྱིད་རྨོའི་ཐོན་སྐྱེད་གནས་ཚུལ་རྟོག་ཞིབ་བྱས། རིག་ནུས་ཞིང་ལས་འཕེལ་རྒྱས་དང་ཞིང་ལས་ལག་རྩལ་ཁྱབ་སྤེལ་གྱི་འགག་རྩར་དམ་དུ་དམིགས་ནས། དཀའ་གནད་སེལ་ཐུབ་པའི་བྱེད་ཐབས་བཏོན་པ་དང་། སེམས་ཤུགས་གང་ཡོད་བཀོལ་ནས་གཞི་རིམ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་འབུར་ཐོན་གནད་དོན་ཡག་པོར་སྒྲུབ། བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དཔའ་ངར་ཆེན་པོས་འགན་འཁྲི་དང་ལེན་བྱེད་པ་དང་། དངོས་སྒྲུབ་དམ་འཛིན་གྱི་སྙིང་སྟོབས་དར་སྤེལ་བྱས། ཞིང་ལས་ལག་རྩལ་ཁྱབ་སྤེལ་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་གྱི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་རང་བཞིན་དང་། ཞིང་ལས་ལག་རྩལ་ཁྱབ་སྤེལ་བྱ་བའི་རྙོག་འཛིང་ཆེ་བའི་དཀའ་གནད་ཀྱི་ཐབས་ཇུས་རང་བཞིན། ཞིང་ལས་ལག་རྩལ་ཁྱབ་སྤེལ་གྱི་མིག་རྒྱང་རང་བཞིན། ཇུས་བཀོད་སྒྲིག་གལ་ཆེན་གྱི་རྗེས་འདེད་རང་བཞིན། གནད་དོན་གྱོད་གཞིའི་དཔེ་མཚོན་རང་བཞིན། རྣམ་གྲངས་དངོས་འབེབས་བྱེད་པའི་ཕན་འབྲས་རང་བཞིན་བཅས་ལ་རྟོག་ཞིབ་བྱས་ནས། ཞིང་ལས་ལག་རྩལ་ཁྱབ་སྤེལ་བྱ་བར་བཀག་རྒྱ་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་དང་འབྱུང་རྐྱེན་ཟབ་མོར་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་སྤེལ་སྡེ་ཁག་གི་འགག་རྩའི་གནད་དོན་སེལ་རོགས་བྱས་ཏེ། གཞི་རིམ་སྡེ་ཁག་གི་སེམས་ཁུར་མེད་པར་བཟོས།
དོན་དངོས་བྱེད་ཐབས་རབ་དང་རིམ་པར་བརྟེན། མང་ཚོགས་ཀྱི་སེམས་ཁུར་གནད་དོན་གྱི་གསལ་ཐོ་རེ་རེ་གཙང་སེལ་ཞབས་ཞུ་རུ་བསྒྱུར་ནས། ཡིད་ཚིམ་པའི་ཚད་དུ་སླེབས་པར་བྱས། བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུས་ལྟར་ཤེས་རྟོགས་བྱུང་ནས་དུས་ལྟར་ལེགས་བཅོས་བྱེད་པ་དང་། མྱུར་སྤྱོད་མྱུར་བཅོས་བྱས། དུས་ལྟར་ཁྱབ་སྤེལ་ཞིབ་འཇུག་མི་སྣ་དང་། མཐོ་རིམ་ཞིང་ལས་རྩལ་ཁྲིད་དགེ་རྒན་རྟ་ཐང་དང་། ཧོང་ཀྲུང་། ཧུའུ་ཀྲུའུ། དཔའ་ལུང་། མིན་ཡོན། གཙན་ཚ། ནང་ཆེན་སོགས་རྫོང་ཁག་ཏུ་མངག་གཏོང་བྱས་ཏེ། ལུད་རྫས་དང་ཞིང་སྨན་ཉུང་གཏོང་གི་ཚད་དང་། ལྗང་མདོག་སྤུས་ལེགས་ཕན་མཐོ། ལག་རྩལ་གསར་བ་གསུམ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་གསོ་སྦྱོང་སྤེལ་ནས། ཏང་གི་ཞིང་ཕན་སྲིད་ཇུས་གཞི་རིམ་དུ་བརྒྱུད་སྒྲོག་དང་། ཞིང་བའི་སེམས་གཏིང་དུ་སིམ་པར་བྱས་ལ། བརྗོད་དོན་སློབ་གསོའི་ཁྲོད་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་།