མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་གྲོས་ཚོགས་བསྡུས་པ།

  2023-05-23 16:34:29 

ཟླ5པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ཏིང་ཝུན་ཧྥིན་གདན་ཞུ་བྱས་ནས་ཁ་བྱང་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས།

ཏིང་ཝུན་ཧྥིན་གྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་གསར་འབྱེད་བྱེད་པ་དང་ཚན་རིག་གི་མ་ལག་དང་དོན་སྙིང་། འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བ་བཅས་ཕྱོགས་གསུམ་ཐད་ནས། དུས་རབས་གསར་པའི་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་སྲོག་ཤིང་དོན་སྙིང་གནད་འདོན་དང་འགྲེལ་བཤད་གསལ་པོ་བྱས།

ཁྲེན་ཀང་གིས་མགོ་འཛིན་བྱེད་སྐབས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་རྣམ་པ་སྣ་ཚོགས་བརྒྱུད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན་བྱས་པ་དང་། སློབ་སྦྱོང་བྱེད་ཐེངས་རེར་གོ་བ་ཟབ་མོ་ལེན་པའི་ཐད་སྐུལ་འདེད་ཀྱི་ནུས་པ་དང་མཛུབ་སྟོན་ལག་ལེན་ཐད་ཡར་སྐུལ་གྱི་ནུས་པ་ཐོན། ཁྲེན་ཀང་གིས་ནན་གྱིས་བསྟན་དོན། སློབ་སྦྱོང་ནི་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པས། སློབ་སྦྱོང་བྱེད་རྒྱུ་དེ་མི་ཚེ་གང་བོའི་ལས་དོན་དུ་བརྩིས་ནས་ལྟ་སྟངས་འཛིན་པ་དང་། སློབ་སྦྱོང་ཁྲོད་བསམ་བློའི་དོགས་ཟོན་དང་བྱ་བའི་དཀའ་གནད་ཐག་གཅོད་པའི་བྱེད་ཐབས་དང་ལྡེ་མིག་ཁོང་དུ་ཆུད་པར་བྱེད་དགོས། སློབ་སྦྱོང་ནི་མགོ་ཁྲིད་ལས་བྱེད་པའི་འཇོན་ཐང་ཡིན་པ་དང་། བྱ་བའི་གྲུབ་འབྲས་ལེན་ཐུབ་ན་སློབ་སྦྱོང་གི་གྲུབ་འབྲས་ལེན་ཐུབ་པ་ཡིན་ལ། བསམ་གཞིགས་གཏོང་བ་དང་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་པོ་བྱེད་པ། སློབ་སྦྱོང་བརྒྱུད་དེ་བྱ་བའི་གྲུབ་འབྲས་ལེན་པའི་ལམ་བུ་འཚོལ་དགོས། སློབ་སྦྱོང་གི་ཆེས་མཐའ་མཇུག་གི་དམིགས་འབེན་ནི་སྦྱངས་པ་གོ་ཆོད་བྱེད་རྒྱུ་དེ་ཡིན་པ་དང་། བེད་སྤྱོད་ནི་སྔར་ལས་གལ་ཆེ་བའི་སློབ་སྦྱོང་ཡིན་པས། གཞུང་ལུགས་ཀྱིས་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་སྟེ། ལག་ལེན་ཁྲོད་སློབ་སྦྱོང་གི་གྲུབ་འབྲས་དེ་རང་སྣང་འཇིག་རྟེན་དང་ཕྱི་ཡུལ་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་གྲུབ་འབྲས་དངོས་སུ་བསྒྱུར་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།