མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱིས་རྗོད་དོན་སློབ་གསོའི་སྐུལ་སློང་གྲོས་ཚོགས་བསྡུས་པ།

  2023-05-22 16:05:30 

མཚོ་སྔོན་ཞིང་ཆེན་གྱིས་སེམས་ཤུགས་གཅིག་བསྡུས་བྱས་ཏེ་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱིས་སྐྱོད་ལམ་གསར་པར་བསྐྱོད་ཅེས་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་གྲོས་ཚོགས་བསྡུས་པ། 

ཟླ5པའི་ཚེས21ཉིན། ཞིང་ཆེན་ཡོངས་ཀྱི་དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཏང་ཕྱིའི་ཤེས་ཡོན་པ། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ་བཅས་ཀྱིས་སེམས་ཤུགས་གཅིག་བསྡུས་བྱས་ཏེ་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱིས་བགྲོད་ལམ་གསར་པར་བསྐྱོད་ཅེས་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་ཚོགས་ཆེན་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་བསྟན་དོན། ད་ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་མགོ་བརྩམས་པའི་ལོ་ཡིན་པས། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཏང་ཕྱིའི་ཤེས་ཡོན་པ། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ་བཅས་ཀྱིས་སེམས་ཤུགས་གཅིག་བསྡུས་བྱས་ཏེ་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་ཀྱིས་སྐྱོད་ལམ་གསར་པར་བསྐྱོད་ཅེས་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཞི་ཅིན་ཕིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་ནས་སེམས་ཤུགས་གཅིག་བསྡུས་བྱེད་པ་དང་། བསམ་བློ་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཏང་མང་མཉམ་ལས་དང་འཐབ་ཕྱོགས་གཅིག་གྱུར་ལས་དོན་བརྟན་འཇགས་སྒོས་བཟང་བོར་སྤེལ་བར་རིག་སྟོབས་གཅིག་གྱུར་བྱེད་པར་འགན་སྲུང་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཏང་ཕྱིའི་ཤེས་ཡོན་པ། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ་བཅས་ཀྱིས་ཆབ་སྲིད་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ།  འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ཡིད་རྟོན་བཞི་ཇེ་བརྟན་དུ་བཏང་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། དམིགས་འབེན་ལས་འགན་དང་བླང་བྱར་རྒྱུས་ལོན་ཟབ་མོ་བྱེད་པ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བའི་ཐད་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ་བཅས་ཀྱི་འཐུབ་ཚབ་པས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་དང་པོའི་ཚན་གཙོ་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།