ཟླ5པའི་ཚེས18ཉིན། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཆུ་བེད་ཐིང་གིས་ཆུ་བེད་བཅོས་སྒྱུར་འཕེལ་རྒྱས་ལ་ཤུགས་རྐྱེན་ཡོད་པའི་འཐབ་ཇུས་རང་བཞིན་དང་ཕྱོགས་ཡོངས་རང་བཞིན་གྱི་གནད་དོན་དང་ལས་འགན་ལག་བསྟར་བྱེད་སྐབས་འཕྲད་པའི་གནད་དོན། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་ཆུ་དང་འབྲེལ་བའི་གནད་དོན་བཅས་གཅིག་བསྡུས་བྱས་ཏེ་བརྟག་དཔྱད་བྱ་གཞི་སོ་ལྔ་བདམས་པ་དང་། སྡེ་ཁག་སོ་སོས་འགན་ནུས་དང་འགན་འཁྲིར་དམིགས་ཏེ་ཆེད་དོན་རྟོག་ཞིབ་བྱས་ནས་འཚམས་འདྲིའི་ཁྲོད་ཆུ་འབྲེལ་གནད་དོན་ལ་ལྟ་ཞིབ་བྱས་པ་དང་རྟོག་ཞིབ་ཁྲོད་ཆུ་བེད་དམངས་ཚིས་ལེགས་སྒྲིག་བྱས་པར་མ་ཟད། ཞིབ་བཤེར་ཁྲོད་ཆུ་བཅོས་རྨང་གཞི་སྲ་བརྟན་དང་མཁྲེགས་གཏོར་ཁྲོད་ཆུ་ལ་དོ་དམ་བྱེད་པའི་མི་འདང་ས་ཁ་གསབ་བྱས།
བརྗོད་དོན་སློབ་གསོ་སྤེལ་སྐབས་འཚམས་འདྲི་ཆེན་མོ་དང་བརྟག་དཔྱད་ཆེན་མོ། ཞིབ་བཤེར་ཆེན་མོ། མཁྲེགས་གཏོར་ཆེན་མོ་བཅས་ཀྱི་བྱ་འགུལ་སྤེལ་བའི་ལག་བསྟར་ཇུས་གཞི་ཞིབ་འཇུག་གཏན་འབེབས་བྱས་ཏེ་མང་ཚོགས་ཀྱི་ཆུ་བཀོལ་ཐུབ་པ་དང་ཆུ་བཟང་བོ་བཀོལ་ཐུབ་པའི་རེ་འདུན་ནས་འགོ་བརྩམས་ཏེ་གནས་ཚུལ་དངོས་ལ་ལྟ་ཞིབ་དང་སྔོན་ཐོན་ལ་སློབ་སྦྱོང་། སྲིད་ཇུས་ལ་དམིགས་པ་བཅས་རྒྱུན་འཁྱོངས་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་ཆུ་བེད་བཟོ་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་ཐོན་སྐྱེད། རོང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་སོགས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་བཅོས་སྐྱོང་གྲལ་བཤེར་བྱ་བ་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ལས་ཀྱི་ཆུ་གོང་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཆུ་བེད་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་པ། ཐན་ཞོད་གནད་དོན་སྔོན་འགོག་བྱེད་པ་སོགས་ཁྱབ་ཁོངས་གཙོ་བོའི་མཁྲེགས་གཏོར་དང་ཟུང་འབྲེལ་བྱེད་པ། ཁེ་ལས་ལ་རོགས་སྐྱོར་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་ཏེ་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ལས་གཞིར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པ། བརྗོད་དོན་སློབ་གསོ་དང་ཆུ་དར་ཆུ་བཅོས་བྱ་བ་གཉིས་ཟུང་འབྲེལ་དམ་ཟབ་དང་གཅིག་གྱུར་སྐུལ་འདེད་བཏང་སྟེ་བརྗོད་དོན་སློབ་གསོ་དང་ཆུ་བེད་བྱ་བ་གཉིས་མཉམ་དུ་བཟང་བོར་སྤེལ་བ་དང་མཉམ་དུ་དམ་འཛིན་བྱེད་པ་མངོན་འགྱུར་བྱེད་རྒྱུ་རེད།
དེ་དང་མཉམ་དུ། ལས་འགན་གཙོ་བོར་དམ་དུ་དམིགས་ཏེ་རྨ་ཆུ་ཟི་ལིང་དུ་འདྲེན་པ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་བཟོ་སྐྲུན་གཉིས་པའི་དུས་སྐབས་སྔོན་གྱི་བྱ་བར་མྱུར་དུ་སྐུལ་འདེད་བཏང་བ་དང་། བཙན་མོ་ཆུ་མཛོད་སོགས་ཀྱི་ཞིང་ཆུ་གཏོང་བའི་བཟོ་སྐྲུན་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་སྟེ་བསྐྱར་འཛུགས་སྒྲིག་བཀོད་དང་ཆུ་གྲོན་ཆུང་བསྒྱུར་བཀོད་ལས་གཞི་འགོ་བརྩམས། ཞིང་སྡེའི་ཆུ་འདོན་བཟོ་སྐྲུན་དྲ་རྒྱ་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་དང་། ཞིང་སྡེའི་ཆུ་འདོན་གནད་དོན་ལ་ལྟ་ཞིབ་ཚད་ལེན་དང་འགུལ་རྣམ་གཙང་སེལ་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་བཏང་སྟེ་རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་ཆུ་ཚད་མཐོར་འདེགས་བཏང་།