མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-05-18 16:44:01 

ཟླ5པའི་ཚེས12ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་རིག་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་རྟོགས་ནན་ཞིབ་བཅས་ཡིག་འབྲུ་བཞི་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སློབ་ཁྲིད་དང་པོ་མགོ་བརྩམས་ནས་ཐིང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པར་སྐུལ་ཁྲིད་བྱས་པ་དང་། བསླབ་ནས་བློ་སྦྱོང་བྱེད་པ་དང་བསླབ་ནས་རིག་སྟོབས་སྤེལ་བ། བསླབ་ནས་སྤྱོད་བཟང་སྐྱོང་བ། བསླབ་ནས་ལས་ལ་སྐུལ་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོབ་པར་བྱས།

སློབ་སྦྱོང་བྱེད་པའི་རྣམ་འགྱུར་སྔར་ལས་ཇེ་བཟང་དུ་བཏང་སྟེ་བསླབ་ནས་བློ་སྦྱོང་བྱེད་པའི་སྟེང་ཤུགས་བསྣན། དགོངས་པ་སློབ་སྦྱོང་བྱེད་པའི་ཐད་བསམ་པའི་རྣམ་པ་བཟང་པོ་དང་སློབ་སྦྱོང་གི་རྣམ་འགྱུར་བཟང་པོར་བརྟེན་ནས་ཐིན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཐད་ཀྱི་རྒྱུས་ལོན་སྔར་ལས་ཇེ་ཟབ་ཏུ་བཏང་བ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ་བསམ་བློ་དང་ཆབ་སྲིད་། བྱ་སྤྱོད་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས།

ཤེས་རྟོགས་ཀྱི་ཉིང་བཅུད་དམ་པོར་བཟུང་སྟེ་བསླབ་ནས་རིག་སྟོབས་སྤེལ་བར་ཤུགས་བསྣན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་ལས་འགན་གལ་ཆེན་དེར་དམ་དུ་དམིགས་ནས་རིག་གཞུང་སློབ་སྦྱོང་གིས་འཕེལ་རྒྱས་དང་ལག་ལེན་ལ་མཛུབ་སྟོན་བྱེད་པར་ཤུགས་བསྣན་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ཏེ་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་པ། བརྗོད་དོན་སློབ་གསོ་སྤེལ་བ་དང་བྱ་བ་དངོས་ལ་སྐུལ་འདེད་གཏོང་བ་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལ་ཞབས་འདེགས་ཞུ་བ་བཅས་ཟུང་འབྲེལ་བྱེད་པ། ཞིབ་འཇུག་དང་གནད་དོན་ཐག་གཅོད་རྒྱུ་གཉིས་སློབ་སྦྱོང་བསམ་གཞིགས་གཏོང་བའི་དམིགས་ས་རུ་བྱེད་པ་དང་གཅིག་བསྡུས་སློབ་སྦྱོང་དང་ཞིབ་བསྡུར་བརྗེ་རེས་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ། སློབ་སྦྱོང་ཁྲོད་ཇི་ལྟར་བྱས་ཏེ་ཞབས་ཞུ་གསུམ་གྱི་ཆུ་ཚད་མཐོར་འདེགས་གཏོང་བར་ངོས་འཛིན་ཟབ་མོ་བྱེད་པ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བཟང་པོ་བྱས།

གཟབ་ནན་གྱི་སྒྲིག་ཁྲིམས་འབུར་དུ་ཐོན་པར་བྱས་ཏེ་བསླབ་ནས་སྤྱོད་བཟང་སྐྱོང་བའི་སྟེང་ཤུགས་བསྣན། རང་རྟོགས་ངང་བླང་བྱ་ནན་མོ་དག་དཔེ་ཀློག་འཛིན་གྲྭའི་དུས་རིམ་སོ་སོར་ཁྱབ་པར་བྱེད་པ་དང་། གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་བཅས་སློབ་སྦྱོང་དང་གྲོས་སྡུར། ལྟ་ཞིབ་བཅས་ཀྱི་ཕྱོགས་སོ་སོར་མངོན་པར་བྱས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་སོ་སོས་འགན་ཁུར་བ་དང་པོའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། སྣེ་ཁྲིད་དེ་རིག་གཞུང་སློབ་སྦྱོང་ལ་ཤུགས་སྣོན་པ། ལས་འགན་དོན་འཁྱོལ་ལ་སྐུལ་འདེད་ནན་མོ་གཏོང་བ་བཅས་བྱས་ཏེ་སློབ་མ་ཡོངས་ཀྱིས་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་སྒོ་ནས་སློབ་སྦྱོང་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས་པ་དང་། ཐིན་ཡོངས་ཀྱི་ཆབ་སྲིད་སྐྱེ་ཁམས་བཟང་པོ་དང་བྱ་བའི་སྤྱོད་ཚུལ་བཟང་པོའི་སྣེ་ཁྲིད་པ་དང་གསར་སྐྲུན་པ། སྲུང་སྐྱོང་བ་བཅས་བྱས།

ཞིབ་འཇུག་གི་གྲུབ་འབྲས་མཐོར་འདེགས་བཏང་སྟེ་བསླབ་ནས་ལས་སྐུལ་བའི་སྟེང་ཤུགས་བསྣན། ཆེད་དོན་ཞིབ་བསྡུར་བྱེད་རྒྱུ་དེ་སློབ་སྦྱོང་གི་བྱེད་ཐབས་སུ་བྱས་ཏེ་བརྗེ་རེས་འབྲེལ་འདྲིས་ཁྲོད་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་བསམ་བློ་བརྗེ་རེས་ཁྲོད་བྱེད་ནུས་མཐོར་འདེགས་སུ་བཏང་། རིག་གཞུང་སློབ་སྦྱོང་དང་གཙོ་ལས་གཙོ་འགན་ཟུང་འབྲེལ་བྱེད་པ་དང་། ཞིབ་བསྡུར་ནང་དོན་དང་བྱ་བའི་ལག་ལེན་ཟུང་འབྲེལ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བྱ་བ་སོ་སོར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དངོས་སུ་བསྒྱུར་ནས་སྤུས་ལེགས་ཕན་མཐོའི་ངང་ཞབས་ཞུ་གསུམ་གྱི་བྱ་བའི་ལས་འགན་ལག་བསྟར་བྱེད་པར་བསམ་བློའི་སྒུལ་ཤུགས་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།