ཞིང་ཆེན་སྤྱི་བདེ་ཐིང་གི་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། ཏང་ཡོན་མི་དམངས་ཉེན་རྟོན་པར་སྐུལ་སློང་བྱས་ཏེ་སློབ་སྦྱོང་དང་བྱ་བའི་སྤྲོ་སེམས་དེ་མཁྲེགས་གཏོར་དཀའ་སེལ་དང་ལས་སྒྲུབ་ལས་གཏོད་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་བ་དང་། བརྗོད་དོན་སློབ་གསོ་གཏིང་ཟབ་དང་དོན་དངོས་སུ་སྤེལ་བར་སྐུལ་འདེད་བཏང་།
ཞིང་ཆེན་སྤྱི་བདེ་ཐིན་ཏང་ཨུ་དང་ཐིང་གི་ལས་ཁུངས་སོ་སོས་ཏང་ཡོན་མི་དམངས་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། གོ་དོན་མཐིལ་རྟོགས་བཅས་ཀྱི་རྨང་གཞིའི་སྟེང་། རྣམ་པ་སྣ་མང་གི་སློབ་སྦྱོང་བྱ་འགུལ་སྤེལ། ཞིང་ཆེན་སྤྱི་བདེ་ཐིན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་དཔེ་ཀློག་འཛིན་གྲྭ་བསྡུས་ཏེ། གཅིག་སྡུས་སློབ་སྦྱོང་དང་། ཆེད་དོན་སློབ་སྦྱོང་། བརྗེ་རེས་ཞིབ་སྡུར། མི་སྒེར་རང་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཚང་མ་ཟབ་ཞུགས་དང་མི་དམངས་ཉེན་རྟོག་པར་རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་ཆེ་ཕྱོགས། སྤྱི་བདེའི་ཆེ་ཕྱོགས་བཅས་ཀྱི་ཐད་སྔར་ལས་ཡང་དག་གི་རྒྱུས་ལོན་དང་གདེང་ཚོད་ཡོད་པར་བྱས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་ཞིབ་འཇུག་དར་སྤེལ་གཏོང་བའི་བྱ་བའི་ཇུས་གཞི་བཀྲམ་སྟེ། བརྟག་དཔྱད་ཞིབ་འཇུག་ནས་མགོ་བརྩམས་ནས། ཐབས་ཇུས་དམངས་ལ་འདྲི་བ་དང་། གནད་དོན་ཀྱི་འགག་རྩ་ཡང་དག་བཙལ་བ་བཅས་བྱས་ནས། མི་འདང་ས་དང་ཉམ་ཞན་ཁ་གསབ་བྱས། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བཅོས་སྐྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། བསམ་གཞིགས་ཞིབ་མོ་གཏོང་བ་དང་ཉེན་བརྡའི་སློབ་གསོ་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བྱེད་ཕྱོགས་འཛུགས་སྐྲུན་ལས་དོན་གཏིང་ཇེ་ཟབ་དང་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་།
ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུ་དང་ཐིང་གི་ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོ་དང་གཙོ་གནད་བྱ་བའི་ལས་འགན་མཉམ་སྲེས་དང་གཅིག་གྱུར་སྐུལ་འདེད་བཏང་སྟེ། འབད་པ་ཆེན་པོས་སློབ་སྦྱོང་གི་གྲུབ་འབྲས་དེ་སྤྱི་བདེ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དོན་དངོས་གྲུབ་འབྲས་སུ་འགྱུར་བར་བྱས།
ཞིང་ཆེན་སྤྱི་བདེ་ཐིང་ལྟ་སྐུལ་དོ་དམ་སྤྱིའི་རུ་ཁག་གིས་བཙོན་ཁང་གི་སྨན་བཅོས་ལ་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་ནས་མགོ་བརྩམས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་བཙོན་ཁང་གི་སྨན་བཅོས་ཆེད་ལས་ཅན་དང་། སྨན་བཅོས་ཚད་ལྡན་ཅན་གྱི་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་བྱེད་པའི་བྱ་བ་སྤེལ་ལ། ལམ་ལུགས་ཀྱི་འགོག་ར་བརྟན་པོ་སྔོན་ལ་གྲུབ་པར་བྱས་ནས། དོ་བདག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས། ཞིང་ཆེན་སྤྱི་བདེ་ཐིང་ཉེན་དོན་ཉེན་རྟོག་སྤྱིའི་རུ་ཁག་གིས་མང་ཚོགས་ཀྱི་སྒོར་ཁུག་བརྟན་པོར་སྲུང་ནས། ཆུ་མ་ཡོང་གོང་གི་རགས་དང་། རྒྱལ་ཡོངས་ཉེན་དོན་མྱུལ་ཞིབ་སློབ་ཁང་ཆེན་མོ་དང་དྲ་རྒྱའི་སློབ་ཁང་སོགས་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་ཉེན་དོན་མྱུལ་ཞིབ་སྡེ་ཁག་རྩ་འཛུགས་བྱས་ཏེ་སྔོན་སྐྱོད་ས་ཁུལ་གྱི་ཉེན་ཟོན་བཞམས་འགོག་དང་མགོ་སྐོར་ཉམས་མྱོང་གི་ཉེན་བརྡར་སློབ་སྦྱོང་བྱས་ཏེ། གློག་འཕྲིན་དྲ་རྒྱའི་མགོ་སྐོར་གཏོང་བའི་གནས་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱས། ཞིང་ཆེན་སྤྱི་བདེ་ཐིང་ཁྲིམས་ལུགས་སྤྱིའི་རུ་ཁག་གིས་སློབ་ཁྲིད་གཞི་རིམ་ནས་བྱེད་པའི་བྱ་འགུལ་སྤེལ་ནས། གཞི་རིམ་གྱོད་སྒྲུབ་ཀྱི་དཀའ་གནད་དང་འགག་རྩ་དུས་ལྟར་སེལ་ཐུབ་བྱས་ཏེ། གཞི་རིམ་ཁྲིམས་བསྟར་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དངོས་སུ་མཐོར་འདེགས་དང་། དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས། ཞིང་ཆེན་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་ཀྱིས་མི་དམངས་མང་ཚོགས་ཀྱི་ཉེན་བརྡའི་རེ་ཞུར་སྟབས་བདེ་བསྐྲུན་པ་ནས་མགོ་བརྩམས་ཏེ། རྟོག་ཞིབ་དང་མི་སྣ་རྩ་འཛུགས་བྱས་ཏེ་སྔོན་སྐྱོད་ས་ཁུལ་དུ་སོང་ནས་སློབ་སྦྱོང་བྱས་པ་བརྒྱུད། ཉེན་རྟོག་པའི་གནས་ཚུལ་འཁོར་སྐྱོད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་གཞི་གྲངས་མཉམ་སྤྱོད་སྟེགས་བུ་འཛུགས་པ། ཉེན་བརྡ་དང་ལེན་བྱེད་པའི་ནུས་པ་ཤུགས་དྲག་ཏུ་གཏོང་བ་སོགས་ཀྱི་ཐད་རྒྱུན་ཆད་མེད་པར་ཤུགས་བཏོན་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི110དང་། ཧྲི་ཀྲང་སྐུལ་ལམ12345། ཉེན་བརྡ་གཏོང་མཁན་བཅས་ཀྱི་ཕྱོགས་གསུམ་འབྲེལ་གཏུག་མངོན་འགྱུར་བྱས།