ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པས་ཁེ་ལས་ལ་མཛུབ་སྟོན་བྱས་ནས་བརྗོད་དོན་སློབ་གསོ་བརྟན་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་བ།
བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མཛུབ་སྟོན་ཚན་ཆུང་གིས་མཛུབ་སྟོན་ལ་ལྟ་རྟོག་དང་མཛུབ་སྟོན་ལ་བརྟེན་ནས་ལྟ་སྐུལ་བྱེད་པ་དང་། གནད་འཁེལ་མཛུབ་སྟོན་དང་རིགས་དབྱེའི་མཛུབ་སྟོན། དམིགས་འབེན་ལ་ཕྱོགས་པའི་མཛུབ་སྟོན་མཛུབ་སྟོན་བཅས་རྒྱུན་བསྐྱངས་ཏེ། གནད་ཁེལ་དང་རིགས་དབྱེ། དམིགས་འབེན་ལ་ཕྱོགས་པ་བཅས་ལས་རིམ་གསུམ་ལེགས་པར་བསྒྲུབ་ནས་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་ཁེ་ལས་ལ་མཛུབ་སྟོན་བྱས་ནས་བརྗོད་དོན་སློབ་གསོ་བརྟན་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་།
གནད་འཁེལ་ཕན་མཐོའི་ངང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་བྱ་བ་སྤེལ་ཆེད། སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པས་ལས་འགན་ཁ་གསལ་དང་སྒྲིག་སྲོལ་འཛུགས་པ། རང་ངོས་ཇེ་དྲག་ཏུ་གཏོང་བ། མུ་མཐུད་གཞུང་ལུགས་དྲག་ཆས་དང་མི་སྣའི་དོ་དམ་ཇེ་དྲག་ཏུ་གཏོང་བ། གནད་ཁེལ་ཕན་མཐོའི་ངང་བྱ་བ་སྤེལ་ནས་སྐོར་ཞིབ་མཛུབ་སྟོན་གྱི་གོ་རིམ་ཁྲོད་གཞན་ལུགས་ཀྱི་སྐད་ཆ་བཤད་པ་དང་གཞན་ལུགས་ཀྱི་དོན་དག་བསྒྲུབ་མི་རུང་། དུས་ལྟར་སློབ་སྦྱོང་ལམ་སྲོལ་འཛུགས་པ། གཟའ་འཁོར་རེའི་གཟའ་ཟླ་བའི་ཉིན་ཚན་ཆུང་ནང་ཁུལ་གྱི་སློབ་སྦྱོང་ཉིན་མོར་བྱེད་པ་དང་། ཚན་གཙོས་མགོ་ཁྲིད་ནས་སློབ་སྦྱོང་བྱེད་པ་སྟེ། མི་སྣ་ཡོངས་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་དགོས་ལ། ཚན་ཆུང་ནང་བརྗེ་རེས་གྲོས་སྡུར་བྱས་ཏེ། སྐོར་ཞིབ་མཛུབ་སྟོན་གྱི་རྩལ་ནུས་སློབ་སྦྱོང་བྱེད་པ། ཚན་ཆུང་ནང་ཁུལ་གྱི་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་པ། གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་ཏེ་དུས་ལྟར་རྩ་འཛུགས་བྱེད་སྒོ་སྤེལ་བ་དང་། གཏན་ཁེལ་ལྟར་གཟའ་འཁོར་རེའི་གཟའ་པ་སངས་ཉིན་གྱི་ཕྱི་དྲོར་ཚན་ཆུང་ནང་ཁུལ་གྱི་ཚོགས་འདུ་བསྡུས་ནས་བྱ་བའི་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་གནད་དོན་གྱི་མི་འདང་སར་དབྱེ་ཞིབ་བྱེད་པ། རྗེས་ཕྱོགས་ཀྱི་བྱ་བར་འཆར་འགོད་བྱས་ནས་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་སྒྲིག་ལམ་ནན་སྲུང་བྱས།
ལྡེ་མིག་གཅིག་གིས་ཟྭ་གཅིག་འགྱེད་པ་རྒྱུན་བསྐྱངས་ནས་ས་ཁུལ་མི་འདྲ་བའི་ཁེ་ལས་ཀྱི་དོན་དངོས་དང་བསྟུན་ནས་ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་རིགས་མི་འདྲ་བའི་མཛུབ་སྟོན་བྱེད་ཐབས་འདོན་པ་དང་ཁེ་ལས་སོ་སོའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་བཀོད་གཏོང་བྱས། སློབ་སྦྱོང་གི་ནང་དོན་གཏན་འཁེལ་གནད་ཁེལ་བྱེད་པ། ཅི་ཞིག་བསྒྲུབ་ན་དེ་སློབ་པ་དང་གང་ཞིག་ཆད་ན་དེ་གསབ་པ་རྒྱུན་བསྐྱངས་ཏེ། མཛུབ་སྟོན་བྱེད་པའི་ཁེ་ལས་ཀྱིས་མ་ལག་རང་བཞིན་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་གསུང་རྩོམ་ཕྱོགས་བསྡུས་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཆེད་དོན་བཏུས་སྒྲིག་སོགས་ཀློག་དེབ་ལ་སློབ་སྦྱོང་བྱེད་པ་དང་། བརྗོད་དོན་སློབ་གསོ་སྤེལ་བ་དང་ལས་གཉེར་བྱ་བར་སྐུལ་འདེད་གཏོང་བ་མཉམ་འདྲེས་བྱས། རིམ་པ་བཞིན་བླང་བྱ་ནན་མོ་འདོན་པ་དང་ཁེ་ལས་ཀྱི་བརྗོད་དོན་སློབ་གསོའི་ཁྲོད་ཞིབ་འཇུག་བྱས་ནས་གཏན་ཁེལ་བྱས་པའི་ལག་བསྟར་བྱེད་ཐབས་དང་བྱ་བའི་འཆར་གཞི་སོགས་རྒྱུ་ཆ་ཞིབ་བཤེར་ནན་མོ་བྱེད་པ་དང་། ཁེ་ལས་ཀྱི་ཏང་ཨུ་དང་མཉམ་འབྲེལ་ས་ཚུགས་ཀྱི་འགན་ཁུར་མི་སྣ། མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་གཞོན་པ། ཚན་གཙོ་བཅས་རིམ་པ་བཞིའི་ཞིབ་བཤེར་སྒྲིག་སྲོལ་བཙུགས་ནས་ཁེ་ལས་ཀྱི་གནས་ཚུལ་དང་འཚམས་པ་དང་ཁེ་ལས་སོ་སོ་དང་བསྟུན་ནས་བཅོས་སྒྱུར་བྱེད་པ་དང་། བརྗོད་དོན་སློབ་གསོའི་ཁ་ཕྱོགས་མི་ནོར་བ་དང་གོ་རིམ་མི་ནོར་བ། ཚད་གཞི་མི་ལྟུང་བར་བྱས།
གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་བསྐྱངས་དེ་གཏམ་གླེང་དང་རྟོག་ཞིབ་སོགས་ཀྱི་ཁྲོད། ཁེ་ལས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཚད་གཞིར་བཟུང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྐང་འཛུགས་པ་དང་གནད་དོན་ཡང་དག་པར་བཙལ་བ། མི་འདང་ས་འཚོལ་བ། ཁ་ཕྱོགས་གསལ་སྟོན་བྱེད་པ། བཅའ་སྡོད་བྱ་བའི་བྱེད་ཐབས་འཚོལ་ཞིབ་བྱེད་པ། སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གིས་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ཁེ་ལས་ཀྱི་ཏང་འཛུགས་དང་ཐོན་སྐྱེད་ཚོང་གཉེར་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། སྐོར་ཞིབ་དང་རྩིས་བཤེར་ལྟ་སྐུལ་སོགས་ཕྱོགས་ཀྱི་ཚུར་སྣང་གནད་དོན་ལ་དམིགས་ནས་ཁེ་ལས་ཀྱིས་ལེགས་སྒྲིག་བྱས་པའི་གནད་དོན་གསལ་ཐོར་ཞིབ་བཤེར་ནན་མོ་བྱེད་པ། ལྗིད་གཡོལ་ཡང་འདེམས་དང་རྒྱུན་ལྡན་ལས་གཙོ་གནད་མི་སྒྲིག་པ། གནད་དོན་དང་འགལ་བ་གཙོ་བོར་གཡོལ་བ་སོགས་ལ་བླང་བྱ་བཏོན་ནས་ཡང་བསྐྱར་གཏན་ཁེལ་བྱེད་པ་དང་གནད་དོན་གསལ་ཐོ་གནད་ཁེལ་ངང་དངོས་གཉེར་བྱེད་པར་ཁག་ཐེག་བྱས།