མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཁྲིམས་ཁང་གིས་ཆབ་སྲིད་ཤུགས་གསུམ་ལ་དམིགས་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

  2023-05-17 16:14:26 

ཟླ5པའི་ཚེས16ཉིན། གསར་འགོད་པས་ཞིང་ཆེན་ཁྲིམས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཁྲིམས་ཁང་གིས་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་རུལ་རྒོལ་ནུས་པ་མཐོར་འདེགས་གཏོང་བ། ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ཀྱི་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་མཐོར་འདེགས་བཏང་སྟེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཐུན་མོང་གི་བསམ་བློའི་ངོས་ཟིན་གཅིག་སྡུད་བྱས་ཏེ་བརྗོད་དོན་སློབ་གསོར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱས། སྦྲེལ་ཐག་རྣམ་པའི་སྐུལ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་ཁྲིམས་ཁང་གིས་སྔ་གཞུག་ཏུ་ཏང་ཙུའུ་གྲོས་ཚོགས་དང་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས། བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་སྡེ་ཁག་གི་གཅིག་བསྡུས་སློབ་སྦྱོང་གྲོས་ཚོགས་བསྡུས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བརྗོད་དོན་སློབ་གསོ་སྤེལ་བའི་ཐད་ཀྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་ཁྲིམས་ཁང་ཏང་ཙུའུ་ཡིས་སྣེ་ཁྲིད་དེ་འགོ་ཁྲིད་དང་པོའི་འགན་འཁྲི་དང་། ཏང་ཙུའུ་ཡི་གཙོ་གཞིའི་འགན་འཁྲི་དང་འགོ་ཁྲིད་ལས་བྱེད་པའི་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་ནན་མོ་བྱས་པ་དང་། ལས་བྱེད་མི་སྣ་ཡོངས་ཟབ་ཞུགས་བྱེད་པ་དང་ཁྲིམས་ཁང་ཡོངས་ལ་ཁེབས་པར་སྐུལ་འདེད་བཏང་སྟེ་གཅིག་ལ་གཅིག་འབྲེལ་དང་རིམ་པ་རེ་རེ་བཞིན་དོན་འཁྱོལ་བྱེད་པའི་འགན་འཁྲིའི་སྦྲེལ་ཐག་གྲུབ་པར་བྱས། གསལ་ཐོ་ཅན་གྱི་སྐུལ་འདེད་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་ཁྲིམས་ཁང་གི་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་པ་དང་། གཞི་རྩའི་འགན་འཁྲི་དམ་འཛིན་དང་འགན་འཁྲིའི་གསལ་ཁྲ་ཇེ་ཞིབ་ཏུ་བཏང་སྟེ་ལས་འགན་གཙོ་བོ་དང་ཞིབ་ཕྲའི་བྱེད་ཐབས། ཡོངས་འགྲུབ་དུས་བཅད་བཅས་གཏན་འཁེལ་གསལ་བོ་བྱས། རིགས་བགར་རྣམ་པའི་དོ་དམ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་ཁང་གི་ལས་བྱེད་མི་སྣའི་རིགས་བགར་དོ་དམ་ནང་རྐྱེན་དང་ཟུང་འབྲེལ་བྱས་པ་དང་། སློབ་སྦྱོང་གི་བྱེད་ཐབས་སྣ་མང་སྤྱད་དེ་རིག་གཞུང་སློབ་སྦྱོང་ཁྱོན་ཡོངས་ལ་ཁེབས་པ་དང་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་པོར་བརྒྱུས་ཐུབ་པར་བྱས།

སློབ་སྦྱོང་གི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་ཆེད་མཁས་པ་གདན་ཞུ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་བྱེད་དུ་བཅུག    ཏང་གཤིས་སློབ་གསོ་འབུར་དུ་ཐོན་པར་བྱས་ཏེ་ན་གཞོན་ལས་བྱེད་ཉེན་རྟོག་པའི་རིག་གཞུང་དྲག་ཆས་ཇེ་དྲག་ཏུ་བཏང་བ་དང་། ན་གཞོན་ཉེན་རྟོག་པ་ཡོངས་ལ་དམར་པོའི་ཁྲག་རྒྱུད་རྒྱུན་འཛིན་དང་འབད་འཐབ་སྟོབས་ཤུགས་བསྡུ་ལེན་བྱེད་པའི་ཆེད་དོན་འཆད་ཁྲིད་སྤེལ་བར་མ་ཟད། ཏང་ཀྲི་པུའུ་སོ་སོས་བརྗོད་དོན་སློབ་གསོ་ཁྲིད་སྟོན་དུ་བྱས་ཏེ་དམངས་ཡོངས་དཔེ་ཀློག་སྡེ་ཁག་ཏུ་བསྐྱོད་པའི་བྱ་བ་དང་དཔེ་ཀློག་མཉམ་སྤྱོད་བྱ་འགུལ་སྤེལ།

སྲིད་གཙང་གླེང་མོལ་དང་ཉེན་བརྡའི་སློབ་གསོ་སྤེལ་ཏེ་ཁྲིམས་འཛིན་ཐེ་གཏོགས་སྔོན་འགོག་བྱེད་པའི་གཏན་འབེབས་གསུམ་དོན་འཁྱོལ་བྱས། ཆབ་སྲིད་དམར་མཚམས་བརྟན་སྲུང་བྱས་ཏེ་ཏང་ཀྲི་པུའུ་སོ་སོས་ཏང་ཡོན་ཚོགས་ཆེན་བསྡུ་བའི་རྣམ་པ་སྤྱད་དེ་ཉེན་བརྡའི་སློབ་གསོ་སྤེལ་ནས་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱི་སྤྱོད་གཙང་གཞུང་དྲང་གསོ་སྐྱོང་དང་སྤྱོད་གཙང་སྟོབས་ཤུགས་བསྡུ་ལེན། སྤྱོད་གཙང་འདུ་ཤེས་སྲ་བརྟན་དུ་བཏང་། བསམ་བློའི་འགོག་ཐིག་བརྟན་པོར་བཙུགས་ཏེ་ཏང་ཀྲི་པུའུ་སྡེ་ཁག་ཏུ་བྱས་ཏེ་སྤྱོད་གཙང་རང་གཅུན་དང་ཏང་སྲོལ་སྲིད་ཁྲིམས། དྲང་གཞག་ཁྲིམས་འཛིན་སོགས་གནས་ཚུལ་ལ་དམིགས་ཏེ་ལྔ་གཅིག་ངལ་རྩོལ་དུས་ཆེན་སྔོན་གྱི་སྤྱོད་གཙང་གྲོས་མོལ་བྱ་འགུལ་སྤེལ། སྒྲིག་ཁྲིམས་ཚད་མཐའ་བརྟན་སྲུང་བྱས་ཏེ་གནད་འགག་ཉུང་ཤས་ཀྱིས་དཔེ་སྟོན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱེད་རྒྱུ་དམ་འཛིན་བྱས་ཏེ་ཆེས་མང་ཤོས་ཀྱིས་སྒྲིག་ཁྲིམས་སྲུང་བ་དང་སྲོལ་བཟང་དར་སྤེལ་ལ་སྐུལ་ཁྲིད་བྱས་པ་དང་། སྲིད་གཙང་ཉེན་ཁ་སྔོན་འགོག་ནང་རྐྱེན་གསར་སྐྲུན་དམ་འཛིན་བྱས་ཏེ་ལྟ་སྐུལ་གོ་རིམ་ཧྲིལ་བོ་དང་དུས་རིམ་སོ་སོར་ཁྱབ་པར་བྱས་ཤིང་། འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་བྱས་ཏེ་ཁྲིམས་འཛིན་ཐེ་གཏོགས་སྔོན་འགོག་བྱེད་པའི་གཏན་འཁེལ་གསུམ་དོན་འཁྱོལ་བྱེད་པར་སྐུལ་འདེད་ནན་མོ་བཏང་།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།