ཀྲུང་དབྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་བརྗོད་དོན་སློབ་གསོའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
ཉེ་ལམ། ཀྲུང་དབྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་སོ་སོར། ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་ཁ་ཤས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཁ་ཤས། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་དང་ཁེ་ལས་ཁ་ཤས། མཐོ་རིམ་སློབ་ཆེན་ཁ་ཤས་བཅས་ཀྱི་བརྗོད་དོན་སློབ་གསོའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ལིས་ཀན་ཅེ་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཅིན་གོ་ཡིས་སོ་སོར་གྲོས་ཚོགས་ལ་མགོ་འཛིན་དང་གཏམ་བཤད་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐིལ་ཕྱིན་བྱས་ནས། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། རྩ་བའི་རིགས་པར་གོ་བ་ལེན་པ། སློབ་གསོས་ཏང་ཡོན་ལ་ཁྲིད་སྟོན་བྱེད་པ། ལས་བྱེད་པས་བསམ་བློའི་སྟེང་ནས་གཞི་སྒྱུར་རྩ་བཅོས་དང་གཞི་བརྟན་བས་འཕེལ་ཡོང་བར་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་དགོས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཟབ་སྒྱུར་དང་ནང་སྒྱུར། ཚུལ་སྒྱུར་བཅས་བྱེད་དགོས། ཏང་གི་གསར་སྐྲུན་གཞུང་ལུགས་བཀོལ་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱ་དགོས། སྲིད་འབྲས་ལྟ་བ་ཡང་དག་བཙུགས་ནས། དངོས་སུ་དོན་དངོས་ལ་བརྟག་དཔྱད་བྱེད་པ་དང་། ཐབས་བཀོད་དངོས་སུ་འཐེན་པ་བཅས་བྱས་ནས། བརྟག་དཔྱད་ཞིབ་འཇུག་དེ་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གིས་གཅོད་པའི་སྒུལ་ཤུགས་སུ་འགྱུར་བར་བྱས་ཏེ། དངོས་གཉེར་དམ་འཛིན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སློབ་སྦྱོང་བྱེད་ཞོར་དང་། ཚད་བསྡུར་བྱེད་ཞོར། ཞིབ་བཤེར་བྱེད་ཞོར། དག་ཐེར་ལེགས་བཅོས་བྱེད་ཞོར་བཅས་བྱས་ཏེ། བསམ་བློའི་གཞི་རྩ་ནས་གནད་དོན་ཐག་གིས་གཅོད་པ་དང་། དངོས་གཉེར་དམ་འཛིན་གྱིས་དག་ཐེར་ལེགས་བཅོས་བྱེད་དགོས། མགོ་ཁྲིད་ཀྱི་འགན་འཁྲི་མུ་མཐུད་དུ་ནན་དཀྲི་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས། བརྗོད་དོན་སློབ་གསོ་སྔར་ལས་གཏིང་ཟབ་དང་ནན་མོར་སྤེལ་བར་སྐུལ་འདེད་གཏོང་དགོས།